དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——ཉ་གང་ལ་ཉེ་བའི་ཟླ་བ།






དཔེ་དེབ་འདིའི་ནང་དུ་རྩོམ་པ་པོས་ཉེ་བའི་ལོ་འགའི་ནང་དུ་བརྩམས་པའི་སྒྲུང་གཏམ《སྒོ་བརྒྱབ་པའི་འཇིག་རྟེན》དང་། 《དགུན་གྱི་དགོང་ག》 《ཉ་གང་ལ་ཉེ་བའི་ཟླ་བ》 《རྔམས་མཐུག་པའི་སྨུག་སྤྲིན》 《མེ་ལོང་》སོགས་སྒྲུང་ཐུང་བཅུ་དྲུག་བཀོད་ཡོད། རྩོམ་གྱི་བརྗོད་དོན་ལེགས་ཤིང་ཚིག་སྦྱོར་བདེ་ལ། བརྗོད་བྱའང་རང་གི་འཚོ་བའི་ཉེ་འཁོར་དང་འབྲེལ་ནས་སྤྱི་ཚོགས་སྟེང་གི་མཐོང་ཐོས་སུ་གྱུར་པའི་ཚུལ་མིན་གྱི་བྱ་སྤྱོད་གང་མང་ཞིག་སྒྲུང་གཏམ་དུ་བསྡེབས་ནས། ཀློག་པ་པོ་དག་དག་གི་སྤྱན་སྔར་བཀྲམ་ཡོད་པས་རྒྱ་ཆེ་བའི་ཀློག་མཁན་དག་གི་ཞིབ་གཟིགས་གནང་པར་འཚལ།