དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——བཞད་འཕྱིས་པའི་མེ་ཏོ

[སྤེལ་དུས། 2017-12-19]

དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——བཞད་འཕྱིས་པའི་མེ་ཏོག

         འདི་ནི་རྩོམ་མཁན་གྱི་སྙན་རྩོམ་ཕྱོགས་བསྒྲིགས་དེབ་དང་པོ་སྟེ། ཁོས་བགྲངས་བྱ་བཅུ་ཙམ་གྱི་རིང་ལ་གསརར་རྩོམ་མཛད་པའི་ཕུལ་བྱུང་སྙན་ངག་མང་ཆེ་བ་འཚོལ་སྡུད་བྱས་ཡོད། དེབ་ནང་བཀོད་པའི་སྙན་རྩོམ་མཁན་གྱིས་དུས་ཡུན་རིང་བོའི་ནང་འཚོ་བར་བསམ་གཞིག་བཏང་བ་ལས་བྱུང་པའི་སེམས་ཀྱི་ཚོར་བ་རྣལ་མ་སྟེ། རྩོམ་མཁན་གང་ཞིག་ཕ་ཡུལ་ལ་དགའ་བ་དང་གཉེན་ཉེ་ལ་ཞེན་པ་སོགས་སེམས་ཀྱི་ཚོར་སྣང་ངོ་མ་དེ་མངོན་པར་བྱས་འདུག སྙན་རྩོམ་ཕལ་མོ་ཆེར་ཚིག་གི་སྡེབ་ལེགས་ཤིང་བརྗོད་དོན་རྒྱ་ཆེ་བ། འཚོ་བར་ཐག་ཉེ་བ་ཞིང་དུངས་པ་ཤིན་ཏུ་ཟབ་པ་བཅས་ཀྱི་ཁྱད་ཆོས་རྫོགས་པས། ཀློག་མཁན་ལ་མཚོན་ན་ཡང་དང་བསྐྱར་དུ་བཀླགས་ནས་རོལ་མྱོང་བྱེད་དགོས་པའི་འགོག་མེད་བསླུ་བྲིད་ཀྱིས་ཁྱབ་ཡོད་དོ།།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག