དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——ཤ་ཟན་དང་སྙིང་རྗེ།







དཔེ་དེབ་འདིའི་ནང་དུ་རྩོམ་པ་པོས་ཉེ་བའི་ལོ་འགའི་ནང་དུ་བརྩམས་པའི་ལྷུག་རྩོམ《གནས་མཇལ་ཐེངས་གསུམ་པ》དང་། 《དགེ་སློབ་བར་གྱི་ཤགས་འགྱེད》 《གཡག་དང་གཏོར་མའི་གཏམ་རྒྱུད》 《སྟག་ཚང་ལྷ་མོའི་དགོན》 《སྣོད་བཅུད་དོ་མཉམ་ཡོང་བའི་སྨོན་འདུན》སོགས་ལྷུག་རྩོམ་ཉེར་ལྔ་བཀོད་ཡོད། རྩོམ་གྱི་བརྗོད་དོན་ལེགས་ཤིང་ཚིག་སྦྱོར་བབ་ཆགས་ལ། བརྗོད་བྱའང་ཁོར་ཡུག་སྲུང་སྐྱོབ་དང་། དེང་རབས་སློབ་གསོའི་གནས་བབ་སོགས་མཐོང་ཐོས་སུ་གྱུར་པའི་བྱ་སྤྱོད་འདྲ་མིན་གང་མང་བོ་ཞིག་རང་ཉིད་ཀྱི་མྱོང་ཚོར་དང་སྦྲེལ་ནས་ཀློག་པ་པོའི་སྤྱན་སྔར་བཀྲམ་ཡོད་པས། རྒྱ་ཆེ་བའི་ཀློག་མཁན་དག་གི་ཡིད་འགུགས་ཀྱི་གསོས་སུ་འགྱུར་ཐུབ།