དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——དུར་ཐང་།





དཔེ་དེབ་འདི་ནི་རྩོམ་པ་པོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་བརྩམས་པའི་སྒྲུང་འབྲིང་དང་སྒྲུང་ཐུང་སྐོར་ཞིག་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་ཅིག་ཡིན། འདིའི་ནང་དུ《ཞོ་འཚོང་མ》དང་། 《དུར་ཐང》 《གླག་མོ་དུས་སྟོན》 《གཞེས་བྱེས་ལྷན་འཛོམས》སོགས་སྒྲུང་གཏམ་དགུ་བཀོད་ཡོད། བརྗོད་བྱ་གཙོ་བོ་བོད་ཁུལ་གྱི་བུད་མེད་དག་གི་དགའ་སྐྱིད་ཉམས་འཛོམས་ཀྱི་འཚོ་བ་དང་བརྩེ་དུངས་སོགས་བརྗོད་ཡོད་ལ། གྲོང་མི་དཀྱུས་མ་དག་གི་སྐྱིད་སྡུག་འདྲེས་མའི་འཚོ་བ་དང་། དེ་ལས་བྱུང་བའི་སེམས་ཁམས་སོགས་ཞིབ་ཏུ་བརྗོད་ཡོད། དེ་མ་ཟད་ད་དུང་བྱ་བའི་ནང་ཞུགས་མ་ཐུབ་པའི་གཞོན་རབས་རྣམས་ཀྱི་ད་ལྟའི་འཚོ་བ་དང་མ་འོངས་པའི་རེ་འདུན་སོགས་ཀྱང་བརྗོད་ཡོད། དཔེ་དེབ་འདིའི་ནང་དུ་བཀོད་ཡོད་པའི་སྒྲུང་གཏམ་དག《སྦྲང་ཆར》དུས་དེབ་ཏུ་བཀོད་མྱོང་བར་མ་ཟད། ད་དུང《གཞེས་བྱེས་ལྷན་འཛོམས》ལ་མི་རིགས་མཐུན་སྒྲིལ་གྱི་དགའ་རྟགས་ཀྱང་ཐོབ་མྱོང་། རྗོད་བྱེད་ཀྱི་ཚིག་སྦྱོར་བདེ་ཞིང་རྩོམ་རིག་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པ། མི་སྣའི་གཟུགས་རུས་གསོན་ཉམས་ལྡན་པ་ཞིག་བཞེངས་སྐྲུན་བྱས་ཡོད།