དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——གླིང་སྣེའི་ཁ་བ།

[སྤེལ་དུས། 2017-12-19]

དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——གླིང་སྣེའི་ཁ་བ། 

གླིང་སྣེའི་ཁ་བནི་རྩོམ་པ་པོས་མཚོན་ཐབས་མི་འདྲ་བ་བཀོལ་ཏེ་གསར་རྩོམ་བྱས་པའི་ལྷུག་རྩོམ་ལེགས་གྲས་ཕྱོགས་བསྡུས་བྱས་པའི་དེབ་ཅིག་ཡིན་པ་དང་། དེབ་འདི་ནི་ང་དང་ངའི་རི་ལུང་ཐང་གསུམ་དང་ང་དང་ངའི་ཉེ་རིང་བར་གསུམ། ང་དང་ངའི་དགའ་སྐྱོ་རྨོངས་གསུམ་བཅས་ཁག་གསུམ་གྱིས་གྲུབ། རྩོམ་པ་པོས་ང་དང་འབྲེལ་བའི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་སྣ་ཚོགས་ཚོར་བ་རྣོན་པོ་ཞིག་དང་དུངས་པ་ཟབ་མོ་ཞིག་གིས་ཀློག་པ་པོའི་སྤྱན་སྔར་བསྟར་ཡོད་ཅིང་། ཆེས་སྤྱིར་བཏང་དང་ཆེས་ཡོངས་ཁྱབ་ཀྱི་བརྗོད་བྱ་དེ་དག་གིས་མི་རིགས་ཀྱི་གནས་བབ་དང་འཚོ་གནས་ཀྱི་བདེ་སྡུག་མངོན་པར་མཚོན་ཡོད་པས། བོད་རིགས་མི་དམངས་ཀྱི་ནང་སེམས་ཀྱི་འཇིག་རྟེན་རྟོགས་པའི་བློ་སྒོ་ཡང་འབྱེད་ཐུབ་བོ།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག