དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——ཕལ་བའི་མི་ཚེ།

[སྤེལ་དུས། 2017-12-19]

དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——ཕལ་བའི་མི་ཚེ།

       དཔེ་དེབ་འདིའི་ནང་རིག་གསར་གོད་ཆགས་སྐབས་ཀྱི་ཁྱིམ་ཚང་ཕལ་བ་ཞིག་གི་གཏམ་རྒྱུད་ནས་འགོ་བཟུང་སྟེ་བྲིས་ཡོད་ཀྱང་། རྩོམ་པ་པོས་མ་བུ་གཉིས་ཀྱིས་འཕྲིན་ཡིག་བསྐུར་བའི་འབྲི་ཐབས་སྤྱད་ནས་མ་ཡི་བུ་ལ་བཅངས་པའི་རེ་བ་དང་བུ་ཡི་ཨ་མར་བཅངས་པའི་བརྩེ་བ།  ད་དུང་མ་ཡིས་བུ་ལ་མི་ཅི་ལྟར་བཅའ་དགོས་ཚུལ་ལམ་མ་འོངས་པའི་ཕུག་འདུན་གྱི་སླད་དུ་བརྩོན་པ་སྤྱད་དགོས་ཚུལ་སོགས་མི་ཆོས་དང་མཐུན་པའི་ལམ་ནས་སློབ་གསོ་གང་ལེགས་བྱས་ཡོད་ཚུལ། བུ་ཡི་ཕྱིར་དྲན་བྱེད་པའི་ཐབས་རྩལ་བཀོད་ནས་མ་ཡི་ཆེ་བ་བརྗོད་ཡོད་ཅིང་། དེ་བཞིན་དུ་བུ་ཡིས་ཀྱང་སློབ་མཐར་ཕྱིན་རྗེས་སུ་ཕ་ཡུལ་དང་མི་རིགས་འདིའི་མ་འོངས་པའི་རྗེས་རབས་པ་དག་གི་ཕྱིར་དུ་ལུང་པ་ཁུག་ཀྱོག་ཅིག་ནས་དགེ་རྒན་བྱས་ཏེ་ཕྱི་རབས་པ་མང་པོ་ཞིག་བསྐྱེད་སྲིང་བྱས་པ་དང་། མཐའ་མར་ས་སྨྱུག་གི་རྡུལ་ཟས་པ་མང་དྲགས་ནས་མི་ཚེ་ཐུང་ཐུང་དེ་ལྟར་མཇུག་རྫོགས་བྲིས་པ་བརྒྱུད་ང་ཚོར་དགེ་རྒན་ཞེས་ལས་གནས་ཕལ་བ་ཞིག་ནས་མི་རིགས་འདིར་བླ་མེད་ཀྱི་ལག་རྗེས་བཞག་པ་དང་། བལྟས་ཚོད་ཀྱིས་རིན་ཐང་ཞེས་རྡོག་རྡོག་ཅིག་མེད་ཅིང་དེང་གི་བོད་སྤྱི་ཚོགས་ཀྱི་གནས་བབ་ལ་ཧ་ཅང་མཁོ་བས་རྩོམ་པ་པོས་ལས་གནས་ཕལ་བ་ཞིག་ནས་ཕལ་བ་མིན་པའི་མི་ཚེ་རོལ་དབྱངས་ཤིག་བྲིས་འདུག་གོ།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག