དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།——རི་གྲོང་གི་གཏམ་རྒྱུད།



དཔེ་དེབ་འདིའི་ནང་དུ་བསྟན་འཛིན་ཕུན་ཚོགས་དང་ཚེ་རིང་པད་སྒྲོན་གཉིས་བར་གྱི་ལྷད་མེད་ཀྱི་བརྩེ་དུངས་དང་། སློབ་ཆེན་སློབ་མའི་བཤད་ན་འཛུམས་མདངས་ལྷང་ངེར་འཆར་བའི་སློབ་རྭའི་སྐྱིད་སྣང་གི་འཚོ་བ་དང་། དཔྱད་ན་མིག་ཆུ་ལྷུང་བའི་འཇིག་རྟེན་མི་ཚེའི་བྲོ་གར་ཁྲབ་པའི་སྡུག་སྣང་བརྗོད་ཡོད་ལ། བུ་མོ་དཔའ་འཛོམས་ཀྱི་ཁྲར་ཁྱོར་གྱི་མི་ཚེ་དང་། བུ་མོ་པད་མ་ནི་ཀུན་སྤྱོད་གཙང་ཞིང་ཤེས་རིག་གི་སྦྱངས་འབྲས་ལེགས་ནའང་། ཨ་ཕས་བཀའ་བཙན་པོའི་འོག་ཏུ་བུ་རྫི་མ་ཞིག་གི་འཚོ་བ་རོལ་དགོས་པར་མ་ཟད། མི་ཚེའི་ལམ་བུའང་གྲང་རེག་གི་སྟོན་རླུང་གིས་གཙེས། སྲོག་ཆགས་ཀྱི་ཁྲག་གིས་བཙོས་པའི་དམར་པོའི་ལོ་ཟླའི་ཁྲོད་བསམ་དགའ་ཕ་བུ་གཉིས་ཀྱི་ལས་དབང་སོགས་དངོས་ཡོད་འཚོ་བ་གཞིར་བྱས་ཏེ་བོད་ལྗོངས་ས་ཁུལ་གྱི་མི་ཆོས་གོམས་སྲོལ་དང་། སྐྱིད་ལ་སྡུག་པའི་མི་ཚེའི་བྲོ་གར་བརྒྱུད་དེ་དེང་རབས་རི་གྲོང་གི་བོད་མི་རིགས་ཀྱི་གཟུགས་བརྙན་གསོན་ཉམས་ལྡན་པ་དག་བརྗོད་བདེའི་སྒོ་ནས་བཀོད་ཡོད་དོ།།