བྱང་འབྲོག་ཤེས་རིག་དཔེ་ཚོགས།——སྒོར་གཞས་ཁྲོམ་གྱི་དགའ་སྟོན།

[སྤེལ་དུས། 2017-12-22]

བྱང་འབྲོག་ཤེས་རིག་དཔེ་ཚོགས།——སྒོར་གཞས་ཁྲོམ་གྱི་དགའ་སྟོན།
 
 

ནང་དོན་འདོར་བསྡུས།

     བྱང་ཐང་མཐའ་ཡས་པའི་རྩྭ་ས་དང་དྲོ་གྲང་འགྱུར་སྐྱེན་པའི་ནམ་ཟླ་ཡིས་བྱང་པར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྙིང་སྟོབས་གནང་ཞིང་བྱང་འབྲོག་ལ་ཐུན་མོང་མ་ཡིན་པའི་རིག་གནས་བསྩལ་བྱུང་། བོད་པའི་སྒོར་བྲོ་ནི་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་སྟེ། དཔེར་ན་ཆབ་མདོ་དང་། ནག་ཆུ། རྔ་པ། དཀར་མཛེས། བདེ་ཆེན། མགོ་ལོག ཡུལ་ཤུལ་སོགས་ཡུལ་ཀུན་ལ་ཁྱབ་འདུག དེབ་འདིར་གཙོ་བོ་བྱང་ནག་ཆུ་ས་ཁུལ་ལ་དར་བཞིན་པའི་བྲོ་གཞས་དང་། ཆོས་བྲོ། སྒོར་གཞས་སོགས་རིགས་དང་རྣམ་པ་མི་འདྲ་བའི་གཞས་ཚིག་བརྒྱ་ཕྲག་འགའ་བསྡུས་ཡོད། གཞས་ཚིག་འདི་དག་ལས་བྱང་པ་ཚོས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོ་སོར་བཟུང་བའི་ལྟ་ཚུལ་དང་མ་འོངས་འཚོ་བར་བཅངས་པའི་ཕུགས་བསམ་སོགས་མངོན་ཡོད། འདི་ཡང་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་ལ་མཚོན་ན་མེད་དུ་མི་རུང་བའི་དཔྱད་གཞི་ཡིན་ནོ།།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག