བྱང་འབྲོག་ཤེས་རིག་དཔེ་ཚོགས།——དམངས་སྒྲུང་རྣ་བའི་བཅུད་ལེན།





《དམངས་སྒྲུང་བགྲེས་པོའི་ངག་རྒྱུན》ཞེས་པའི་དེབ་འདི་ནི་ནག་ཆུ་ས་ཁུལ་ཤན་རྩ་རྫོང་གི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པའི་དམངས་ཁྲོད་རིག་གནས་དཔེ་ཚོགས་ཤིག་ཡིན་ལ། ཁྱོན་བསྡོམས་དེབ་ཕྲེང་ལྔ་ཡོད་པ་དང་། དེབ་འདི་ནི་ཤན་རྩ་ས་ཁུལ་ལ་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དག་ལེགས་བསྒྲིགས་བྱས་ཏེ་གྲུབ་པ་ཞིག་ཡིན་པས། དཔེ་དེབ་འདིའི་ནང་གི་གཏམ་རྒྱུད་དག་ལ་བོད་མི་རིགས་ཀྱི་གདོད་མའི་འཚོ་བའི་བྲོ་བ་ལྡན་ཞིང་། རྣ་བར་སྙན་ལ་ཡིད་དབང་འགུགས་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡིན་ཕྱིན། རབ་འབྲིང་མཐའ་གསུམ་གྱི་ཀློག་མཁན་ཀུན་ལ་འཚམ་པའི་གཏམ་རྒྱུད་ཀྱི་དཔེ་དེབ་ལེགས་པོ་ཞིག་འདུག་གོ།