བྱང་འབྲོག་ཤེས་རིག་དཔེ་ཚོགས།——འབྲོག་གླུ་འཇོལ་མོའི་དྲུག་འགྱུར།





ནང་དོན་གནད་བསྡུས།
འབྲོག་གླུ་ནི་ནང་དོན་ཕུན་སུན་ཚོགས་ཤིང་། སྒྱུ་རྩལ་གྱི་ཉམས་འགྱུར་ཕུལ་དུ་བྱུང་བའི་ས་གནས་རང་བཞིན་གྱི་དམངས་ཁྲོད་རིག་གནས་དམིགས་བསལ་ཅན་ཞིག་ཡིན་ཞིང་། ནང་གསེས་དབྱེ་བ་མི་འདྲ་བ་མང་དུ་དབྱེ་རྒྱུ་ཡོད་ཅིང་། ངག་གི་འགྱུར་ཁུགས་ཕུལ་དུ་བྱུང་བ་ཞིག་ཡིན། དེབ་འདིའི་ནང་དུ་བསྟོད་གླུ་དང་མཐུན་གླུ། མཆོར་གླུ། ཟུར་ཟའི་གླུ། བལ་གླུ། ཚྭ་གླུ། འབྲི་བཞོ་གླུ། ཞོ་དཀྲོག་གླུ། བྱིས་པ་གཉིད་འགུག་གི་གླུ། ཁྲམ་གླུ་བཅས་ཕྱོགས་སྒྲིག་བྱས་ཡོད། ནང་དོན་དང་ཚིག་སྦྱོར་གང་གི་ཆ་ནས་བཤད་ན་འབྲོག་གླུ་ནི་དཔེ་དོན་འབྲེལ་ཆགས་ལ་བརྗོད་དོན་གནད་དུ་འཁེལ་བ་ཞིག་ཡིན།