བྱང་འབྲོག་ཤེས་རིག་དཔེ་ཚོགས——འབྲི་རུའི་སྟེང་དཀར་རས་པ།





འབྲི་རུའི་སྟེང་དཀར་རས་པ་ཞེས་པའི་དེབ་འདིའི་ནང་བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་སྟེང་དཀར་གྲོང་ཚོའི་ནང་དར་ཁྱབ་བྱུང་བའི་སྟེང་དཀར་རས་པའི་འཁྲབ་གཞུང་གི་སྐོར་འཁོད་འདུག སྟེང་དཀར་རས་པ་ནི་ཧ་ལམ་སྤྱི་ལོ1040ཙམ་གྱི་དུས་སུ་རྗེ་བཙུན་མི་ལ་རས་པ་དང་རས་ཆུང་རྡོ་རྗེ་གྲགས་པ་སོགས་ཀྱིས་འཁྲབ་སྟོན་མཛད་མྱོང་བའི་རས་པའི་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་ཆབ་མདོའི་རས་སཔའི་རྩེད་རིམ་འགའ་ཤས་བསྣན་ཐོག་སྟེང་དཀར་གྲོང་ཚོ་ནས་དར་བའི་རས་པའི་སྒྱུ་རྩལ་གྱི་རྣམ་གྲངས་དུ་མ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གྲུབ་པ་ཞིག་ཡིན་པས། དེབ་འདིར་འཁོད་པའི་སྟེང་དཀར་རས་པའི་མ་ཕྱི་ཁག་གཉིས་ཀར་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ནོ།།