བྱང་འབྲོག་ཤེས་རིག་དཔེ་ཚོགས——དམངས་སྲོལ་འཚོ་བའི་ཉིང་ཁུ།





དམངས་སྲོལ་འཚོ་བའི་ཉིང་ཁུ་ཞེས་པའི་དཔེ་ཆ་འདིའི་ནང་གཙོ་བོ་བྱང་འབྲོག་ཁུལ་གྱི་རྔོན་རྒྱག་གི་གོམས་སྲོལ་དང་། བལ་འབྲེག་པའི་གོམས་སྲོལ། ཡུལ་སྲོལ་རྒྱན་གོས་ཀྱི་སྐོར། བོད་ཀྱི་འུར་རྡོའི་རིག་གནས་སྐོར། འབྲོག་པའི་རྣམ་རྟོག་དང་འཛེམ་འཛིའི་དམངས་སྲོལ་བཅས་དང་། གཞན་ཡང་བྱང་འབྲོག་ཡུལ་གྱི་རི་ཆུ་དང་འབྲེལ་བའི་ངག་རྒྱུན་གྱི་སྐོར་དང་། གཡུང་དྲུང་བོན་ལུགས་ཀྱི་འདས་མཆོད་སྐོར་སོགས་གཅིག་ཏུ་བསྡུས་ནས་བཀོད་ཡོད་ལ། འདིར་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད། མི་རིགས་རིག་པ་དང་། སྤྱི་ཚོགས་རིག་པ། ལོ་རྒྱུས་རིག་པ། དམངས་སྲོལ་རིག་པ་སོགས་ཀྱི་ཐད་རིན་ཐང་མི་དམན་པ་ལྡན་འདུག་གོ།