བྱང་འབྲོག་ཤེས་རིག་དཔེ་ཚོགས།——དཔྱད་རྩོམ་ཚངས་པའི་དྲང་ཐིག

[སྤེལ་དུས། 2017-12-27]

བྱང་འབྲོག་ཤེས་རིག་དཔེ་ཚོགས།——དཔྱད་རྩོམ་ཚངས་པའི་དྲང་ཐིག

      ཐང་མཐའ་ཡས་པའི་རྩྭ་ས་དང་དྲོ་གྲང་འགྱུར་སྐྱེན་པའི་ནམ་ཟླ་ཡིས་བྱང་པར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྙིང་སྟོབས་གནང་ཞིང་བྱང་འབྲོག་ལ་ཐུན་མོང་མ་ཡིན་པའི་རིག་གནས་བསྩལ་བྱུང་། དེབ་འདིར་གཉེན་བཤད་དང་། ལ་གཞས། གནའ་གཏམ། རྡོ་བརྐོས་སོགས་དམངས་ཁྲོད་རིག་གནས་ལ་དཔྱད་པ་གཏོང་བའི་རྩོམ་ཡིག་བདུན་བསྡུས་ཡོད། དཔྱད་བརྗོད་ཀྱི་རྩོམ་པ་པོ་ཚང་མ་བྱང་ཐང་རང་ས་ནས་ནར་སོན་ཞིང་ཕྱི་རོལ་ནས་གཞན་པའི་རིག་གནས་ཐོས་བསམ་སྒོམ་གསུམ་བྱས་རྗེས་སླར་རང་ཡུལ་དུ་ལོག་པ་ཏག་ཏག་རེད། ད་ལྟ་ཁོ་པ་ཚོས་འདུ་ཤེས་གསར་བ་ཞིག་བཅངས་ནས་རང་གི་ཕ་ས་ཕ་ཡུལ་ལ་བལྟས་པས་ན། ཀློག་མཁན་ཚོར་བློ་སྐྱེད་གསར་བ་ཞིག་སྟེར་ཐུབ་ཀྱང་སྲིད།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག