བྱང་འབྲོག་ཤེས་རིག་དཔེ་ཚོགས།——འབྲོག་ལས་དཀར་ཆུའི་བསྟན་བཅོས།

[སྤེལ་དུས། 2017-12-27]

བྱང་འབྲོག་ཤེས་རིག་དཔེ་ཚོགས།——འབྲོག་ལས་དཀར་ཆུའི་བསྟན་བཅོས།

    དཔེ་ཆ་འདི་ནི་བྱང་འབྲོག་ཤེས་རིག་དཔེ་ཚོགས་གྲས་སུ་གཏོགས་ཤིང་། བྱང་འབྲོག་ས་ཆའི་དཀར་ཆའི་རིག་གནས་ཕྲ་ཞིང་ཞིབ་པ་ཞིག་ངོ་སྤྲོད་གནང་ཡོད། དེབ་ཡོངས་ལེའུ་བརྒྱད་དུ་བགོས་ཡོད་དེ། ལེའུ་དང་པོ་ནིདཀར་ཆུའི་རིག་གནས་ཀྱི་བྱུང་རིམ། ལེའུ་གཉིས་པ་ནི་དཀར་ཆུའི་འབྱུང་ཁུངས། ལེའུ་གསུམ་པ་ནི་དཀར་ལས་ཡོ་བྱད་ཀྱི་སྐོར། ལེའུ་བཞི་པ་ནི་དཀར་ལས་བྱེད་སྟངས། ལེའུ་ལྔ་པ་ནི་ཁ་ཟས་གཞན་དང་མཉམ་སྦྱོར་བྱས་པའི་དཀར་ཆུའི་ཟས་རིགས། ལེའུ་དྲུག་པ་ནི་འཚོ་བའི་ཁྲོད་ཀྱི་དཀར་ཆུའི་དགོས་མཁོ། ལེའུ་བདུན་པ་ནི་དཀར་ཆུ་དང་འབྲེལ་བའི་དམངས་སྲོལ་རིག་གནས་དུས་ཆེན། ལེའུ་བརྒྱད་པ་ནི་མ་འོངས་པར་དཀར་ཆུའི་ཟས་རིགས་ཐོན་སྐྱེད་ཐད་ཀྱི་བསམ་གཞིགས་བཅས་སོ།། དེབ་འདི་ནི་ཐོག་དང་པོར་བོད་ཀྱི་དཀར་ཆུའི་རིག་གནས་ངོ་སྤྲོད་ཞིབ་རྒྱས་ཤིག་གནང་ཡོད་སྟབས། ཞིབ་འཇུག་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པ་གདོན་མི་ཟའོ།།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག