བྱང་འབྲོག་ཤེས་རིག་དཔེ་ཚོགས།——དམུ་གཤེན་གདུང་རབས་རྣམ་ཐར་ཕྱོགས་བསྒྲིགས།

[སྤེལ་དུས། 2017-12-27]

བྱང་འབྲོག་ཤེས་རིག་དཔེ་ཚོགས།——དམུ་གཤེན་གདུང་རབས་རྣམ་ཐར་ཕྱོགས་བསྒྲིགས།

ནང་དོན་གནད་བསྡུས།

དཔེ་ཆ་འདི་ནི་ནག་ཆུ་ས་ཁུལ་རིག་གནས་ཅུས་བྱང་འབྲོག་ཤེས་རིག་དཔེ་ཚོགས་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས། དེབ་ནང་དུ་དཔེ་རྙིང《དམུ་གཤེན་ལྷའི་གདུང་རབས་དབྱར་གྱི་རྔ་གསང་ལྡིར་བའི་སྒྲ་དབྱངས》དང་། 《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷ་གཏེར་བོན་གྱི་ལོ་རྒྱུས》《དམུ་གཤེན་ལྷ་ཡི་གདུང་རྒྱུད་ཉི་མ་རྒྱལ་མཚན་གྱི་རྣམ་ཐར》《དམུ་གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ་གྱི་རྣམ་ཐར》སོགས་ཁྱོན་བསྡོམས་དྲུག་བསྡུས་ཤིང་། མང་ཤོས་དཔེ་རྙིང་གི་རིགས་སུ་གཏོགས་པས་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན། དེབ་མཇུག་ཏུ་ཀློག་མཁན་རྣམས་ཀྱི་མ་དཔེ་ཀློག་པར་སྟབས་བདེ་བཟོ་ཆེད་མ་ཡིག་པར་མ་ཟུར་དུ་བཀོད་ཡོད།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག