བྱང་འབྲོག་ཤེས་རིག་དཔེ་ཚོགས།——བཤད་པ་ངག་གི་བདུད་རྩི།





དེབ་འདིའི་ནང་དུ་གཉེན་བཤད་བདུད་རྩིའི་ཐིགས་པ་དང་། ཤོ་བཤད། རྟ་བཤད་ཁུ་བྱུག་མགྲིན་དབྱངས། མཛུབ་མོ་ལྔ་ཡི་བཤད་པ། འབྲས་དཀར། གཡག་པ་ཐར་མ་ཁུལ་གྱི་ཐེ་གེའི་བཤད་པ་སོགས་ཤན་རྩ་ས་ཆའི་དཔེ་མཚོན་རང་བཞིན་ལྡན་པའི་རྩོམ་ཡིག་དྲུག་བསྡུས་ཡོད་ལ། བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་ས་གནས་རང་བཞིན་དང་དམངས་སྲོལ་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་པས། ཤན་རྩ་ས་ཁུལ་གྱི་གདོད་མའི་ཡུལ་གོམས་གཤིས་ལུགས་དང་ཆོས་ལུགས་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པར་འདོད་དོ། །