བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས།《བོད་ལུགས་གསོ་རིག་གི་གཉེན་པོ་དཔྱད་ཀྱི་ཆ་བྱད་ཞིབ་འཇུག》

[སྤེལ་དུས། 2013-01-22]

བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས།《བོད་ལུགས་གསོ་རིག་གི་གཉེན་པོ་དཔྱད་ཀྱི་ཆ་བྱད་ཞིབ་འཇུག

རྩོམ་པ་པོ།  གཡང་མེ།

པར་ཐེངས།  2011ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2011ལོའི་ཟླ12པོར་དཔར་ཐེངས་དང་པོ་དཔར།

དེབ་ཚད། 16

དཔེ་རྟགས།  ISBN 978-7-5420-1652-2རིན་གོང་། 

སྒོར 7.00

ནང་དོན་གནད་བསྡུས།

  དཔེ་ཆ་འདི་ནི་བོད་ལུགས་གསོ་རིག་གི་གཉེན་པོ་དཔྱད་ཀྱི་ཆ་བྱད་ལ་ཞིབ་འཇུག་བྱས་པའི་ཆེད་རྩོམ་ཞིག་ཡིན་ལ། རྩོམ་པ་པོས་སྔོན་བྱོན་གསོ་བ་རིག་པའི་གསུང་རྩོམ་དག་ལ་གཏིང་ཟབ་སྒོས་ཞིབ་འཇུག་བྱས་ཏེ། དེ་དག་ལས་དཔྱད་ཆ103 ལྷག་ཕྱོགས་སྡོམ་བྱས་པ་མ་ཟད། དཔྱད་ཆ་དེ་དག་ལ་རིགས་དབྱེ་མཛད་པ་དང་། དེ་དག་གི་དབྱིབས་དང་ཆེ་ཆུང་། རྒྱུ་ཆ། བཀོལ་ཐབས་བཅས་ཀྱི་ཐད་ལ་རིགས་པ་ཞིབ་མོས་བརྡར་ཏེ་ཐག་གཅོད་གནང་ཡོད་པ་དང་། བོད་ལུགས་གསོ་རིགས་ཀྱི་དཔྱད་ཆ་དེ་ཚད་ལྡན་ཅན་དང་དེང་རབས་ཅན་དུ་ཕྱོགས་པར་གཞུང་ལུགས་ཀྱི་རྨང་གཞི་ལེགས་པོ་ཞིག་བཏིངས་ཡོད།  དཔེ་ཆ་འདི་ནི་བོད་ལུགས་གསོ་རིག་གི་དཔྱད་ཆའི་ཕྱོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྲུབ་པ་མ་ཟད།  དཔྱད་ཆ་ལག་ལེན་དུ་བསྟར་བཞིན་པའི་སྨན་པ་དག་ལ་གཞུང་ལུགས་ཀྱི་མཛུབ་སྟོན་གལ་ཆེན་ཞིག་ཏུའའང་གྱུར་ཡོད།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག