རོང་འབྲོག་པའི་ཚན་རྩལ་ཁྱབ་གདལ་གྱི་ཀློག་དེབ་དཔེ་ཚོགས།《ར་ལུག་གསོ་ཐབས》

[སྤེལ་དུས། 2013-01-22]

རོང་འབྲོག་པའི་ཚན་རྩལ་ཁྱབ་གདལ་གྱི་ཀློག་དེབ་དཔེ་ཚོགས།ར་ལུག་གསོ་ཐབས

རྩོམ་པ་པོ།  རྒྱལ་མཚན་གྱིས་སྒྲིག་སྒྱུར་བྱས།

པར་ཐེངས།  2011ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2011ལོའི་ཟླ12པོར་དཔར་ཐེངས་དང་པོ་དཔར།

དེབ་ཚད། 32

དཔེ་རྟགས།  ISBN 978-7-5420-1647-8

རིན་གོང་།  སྒོར 9.00

ནང་དོན་གནད་བསྡུས།

  དེབ་འདི་ནི་རོང་འབྲོག་པའི་ཚན་རྩལ་ཁྱབ་གདལ་ཀློག་དེབ་དཔེ་ཚོགས་གྲས་ཀྱི་གཅིག་ཡིན། ང་ཚོས་དེབ་འདི་ནི་རོང་འབྲོག་ས་ཁུལ་དུ་ཚན་རིག་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས། དེང་རབས་ཀྱི་ར་ལུག་གསོ་ཐབས་རྒྱུས་ལོན་དང་སྤྱོད་ཤེས་འབྱུང་ཕྱིར་བསྒྲིགས་པ་སྟེ་ལག་རྩལ་སྤྱོད་སྒོ་ཡོད་པ་ཞིག་ཡིན། 

   དེབ་འདི་ལེའུ་དྲུག་ཏུ་བགོས་ཡོད་ཅིང་། ལེའུ་དང་པོར་ར་ལུག་གི་རིགས་རྒྱུད་ངོ་སྤྲོད་དང་ར་ལུག་གི་ཐོན་རྫས་སྐོར་བརྗོད་ཡོད། ལེའུ་གཉིས་པར་ར་ལུག་རྒྱུད་སྤེལ་ཐབས་བཀོད་ཡོད་པ་དང་། ལེའུ་གསུམ་པ་ནི་ལུག་གི་སྐྱེ་འཕེལ་དང་ལུ་གུའི་གཉོར་སྐྱོང་སྐོར་ཡིན། ལུག་གི་གསོ་སྐྱོང་བདག་གཉེར་ནི་ལེའུ་བཞི་པར་བཀོད་ཅིང་། ལེའུ་ལྔ་པ་ནི་ར་མ་གསོ་ཐབས་སྐོར་ཡིན། ལེའུ་དྲུག་པ་ནི་ལུག་ནད་འགོག་བཅོས་བྱེད་ཐབས་ཏེ་རྒྱུན་མཐོང་ནད་རིགས་འགའ་འགོག་བཅོས་ཇི་ལྟར་བྱ་བའི་སྐོར་བརྗོད་ཡོད་དོ།།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག