བོད་ཀྱི་དམངས་སྲོལ་རིག་གནས།《གར་གཞུང་པད་དཀར་ཆུན་པོ》

[སྤེལ་དུས། 2013-01-23]

བོད་ཀྱི་དམངས་སྲོལ་རིག་གནས།གར་གཞུང་པད་དཀར་ཆུན་པོ

རྩོམ་པ་པོ།  《མང་ཚོགས་སྒྱུ་རྩལ》རྩོམ་སྒྲིག་ཁང་།

པར་ཐེངས།  2011ལོའི་ཟླ8པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2011ལོའི་ཟླ8པོར་དཔར་ཐེངས་དང་པོ་དཔར།

དེབ་ཚད།  32

དཔེ་རྟགས།  ISBN 978-7-5420-1786-4

རིན་གོང་།  སྒོར 20.00

ནང་དོན་གནད་བསྡུས།

  དེབ་འདི་ནི《བོད་ཀྱི་དམངས་སྲོལ་རིག་གནས》ལས་དེབ་བརྒྱད་པ་ཡིན། འདིར་བཞད་གར་དང་ཁ་ཤགས། འཁྲབ་གཞུང་བཅས་གར་སྟེགས་འཁྲབ་གཞུང་དྲུག་བསྡུས་ཡོད། དེ་དག་སོ་སོར《བུ་མོ་གནས་ལ་སྟེར་བ》དང་། 《ཐར་ལི་ཚང་གི་སྤྲོ་གླུ》 《མི་རེ་རེའི་མདུན་ན་ལམ་རེ》 《ཁྲི་གཤོག་རྒྱལ་མོའི་གཏམ་སྙན་གར་དབྱངས་ཡིད་འགུག་མ》 《ལྟ་བ་གསར་བ》 《བོད་ཀྱི་ལྷ་སྒྲུང་བྲོ་གར་ཆེན་མོ་ཁྲི་གཤོག་རྒྱལ་མོ》བཅས་སོ།། འདི་དག་ལས་མི་རིགས་མཐུན་སྒྲིལ་དང་། ངལ་རྩོལ་ཐོན་སྐྱེད། སྤྱི་ཚོགས་འཚོ་བ་སོགས་ཕྱོགས་སོ་སོ་མངོན་པར་གསལ་ཞིང་། དེང་རབས་ཀྱི་བོད་མི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་ལྷུག་པར་བརྗོད་དེ། བསམ་བློ་གསར་པ་དང་འཚོ་བ་གསར་པར་བསྔགས་པ་བརྗོད་ཡོད།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག