བསང་མཆོད་བཀྲ་ཤིས་འཁྱིལ་བ།

[སྤེལ་དུས། 2013-03-21]

བསང་མཆོད་བཀྲ་ཤིས་འཁྱིལ་བ།

རྩོམ་པ་པོ།  འཇུ་མི་ཕམ་པ་རྣམ་རྒྱལ་རྒྱ་མཚོ་སོགས།

པར་ཐེངས།  2010ལོའི་ཟླ2པོར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2010ལོའི་ཟླ2པོར་དཔར་ཐེངས་དང་པོ་དཔར། 

དེབ་ཚད།64དཔེ་རྟགས།   ISBN 978-7-5420-1024-7

རིན་གོང་།   སྒོར3.00

ནང་དོན་གནད་བསྡུས།

  འདིར་བོད་རིགས་མི་དམངས་ཀྱིས་བོད་ཁམས་ཀྱི་རི་ཆུ་དང་།  མཚོ་ཀླུང་གྲགས་ཅན་དག་མཐུ་རྩལ་ཆེ་བའི་ཕོ་མོའི་གཟུགས་སུ་བཀོད་ཅིང་།  དེ་དག་ལ་འགྲོ་བ་མིར་སྲུང་སྐྱོབ་དཔུང་གྲོགས་་

མཛད་པའི་ནུས་མཐུ་ཡོད་པར་ཡིད་ཆེས་བསྐྱེད་དེ་བསྔགས་བརྗོད་དང་གཟེངས་བསྟོད་བྱས་ཐོག་བདེ་སྐྱིད་འཐོབ་ཐུབ་པའི་རེ་སྨོན་མཚོན་པར་བྱེད་པས། བསང་མཆོད་བྱེད་པ་ནི་བོད་རིགས་མི་དམངས་ཀྱི་གོམས་སྲོལ་ཁྱད་པར་བ་ཞིག་ཏུ་གྲུབ་ཡོད་པ་རེད།  བོད་སྤྱི་ལ་དར་ཁྱབ་ཆེ་ཞིང་གྲགས་ཆེ་བ། ཚིག་སྦྱོར་མཛེས་ཤིང་ཡིད་འཕྲོག་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ་དང་།  བསང་རྣམ་དག་མ།  གསོལ་མཆོད་འཕྲིན་ལས་མྱུར་འགྲུབ། རྒྱགས་བརྔན་ལྷ་བསང་སོགས་བསང་དཔེ་འདྲ་མིན་བརྒྱད་ཙམ་བསྡུས་ཏེ་པར་དུ་བསྐྲུན་པ་ཡིན་ནོ།།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག