གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད།__སྒྱུ་འཕྲུལ་གཏམ་རྒྱུད།
སྒྱུ་འཕྲུལ་གཏམ་རྒྱུད།
རྩོམ་པ་པོ། ཞི་བདེ་ཉི་མ།
དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (ཟི་ལིང་གྲོང་ཁྱེར་སྒོ་ཨང10)
སྦྲག་ཨང་། 810001 ཁ་པར། (0971)6138933
འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྦྲག་ཨང་། 810001 ཁ་པར། (0971)6138933
བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་།
པར་འདེབས། མཚོ་སྔོན་མི་རིགས་པར་ཁང་།
དེབ་ཚད 787mm×1092mm 1/32
དཔར་ཤོག 6
ཡིག་གྲངས། ཁྲི 10
པར་ཐེངས། 2012ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
དཔར་ཐེངས། 2012ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།
དཔར་གྲངས། 1--3 000
དཔེ་རྟགས། ISBN 978-7-5420-1866-3
རིན་གོང་། སྒོར12.00
གླེང་གཞི།
ན་ཆུང་བྱིས་པ་རྣམས་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་རེད།
ལྗང་མྱུག་སྐྱེ་དགོས་ན་ཆུ་ལུད་དྲོད་གསུམ་དང་ཉི་འོད་དགོས་པ་ནང་བཞིན་ན་ཆུང་བྱིས་པ་རྣམས་འཚར་ལོངས་འབྱུང་བར་ཡང་གྱ་ནོམ་པའི་བསམ་བློའི་རྒྱགས་ཕྱེ་མཁོ་སྤྲོད་བྱ་དགོས་མོད། འོན་ཀྱང་སྔོན་ཐོན་མི་རིགས་གཞན་དང་བསྡུར་ན་བོད་ཀྱི་ན་ཆུང་བྱིས་པར་སློབ་དེབ་མ་གཏོགས་ན་ཆུང་བྱིས་པའི་བློ་ཁ་དང་འཚམ་པའི་སློབ་ཕྱིའི་ཟུར་ལྟའི་དཔེ་ཆ་ལྟོས་བཅས་སུ་ཧ་ཅང་ཉུང་བ་ལས་གཞན་ཐད་ཀར་ཕ་སྐད་ལ་བརྟེན་ནས་གསར་རྩོམ་བྱས་པ་དེ་བས་ཀྱང་ཉུང་ངོ་།།
མི་རིགས་ཤིག་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་ན་ཆུང་བྱིས་པ་ནི་རྨང་གཞི་ཡིན་པས།དེ་དག་ལ་ཆུང་དུས་ནས་རིག་གནས་དཔལ་ཡོན་གྱི་ནུ་ཞོ་བླུད་དེ་བསྐྱང་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན།ཆོས་ཉིད་དེ་དང་འགལ་ན་མི་རིགས་དེ་ནི་རེ་བ་མེད་པའི་མི་རིགས་ཤིག་ཏུ་འགྱུར་བ་ལས་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་མི་ཐུབ།
ན་ཆུང་བྱིས་པར་སློབ་གསོ་གཏོང་བྱེད་ནི་རྨང་གཞི་སློབ་གསོ་ཡིན་པ་དང་། རྨང་གཞི་སློབ་གསོས་མི་རིགས་ཤིག་གི་བསམ་བློ་ཀུན་སྤྱོད་དང་ཤེས་རིག་ཡོན་ཏན་ཐག་གིས་གཅོད་པ་ཡིན། ལག་ལེན་ལས་ཤེས་གསལ་ལྟར་ན། སྐྱེ་སྟོབས་ཀྱི་ཤེས་རབ་ལྡན་པ་ཞིག་ཡིན་ནའང་དེར་སྐྱེད་སྲིང་བྱ་དགོས། ན་ཆུང་བྱིས་པ་རྣམས་ལ་རིག་གནས་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། ན་ཆུང་བྱིས་པ་རྣམས་ཀྱི་མིག་ལམ་དུ་ཤེས་བྱའི་འཇིག་རྟེན་ཞིག་བཤམ་རྒྱུ་ནི་ང་ཚོའི་འོས་འགན་ཡིན།
ཡང་དག་པའི་བསམ་བློས་མཛུབ་སྟོན་བྱས་ན། ན་ཆུང་བྱིས་པ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་བ་བསྐྱེད་པ་དང་མེས་རྒྱལ་ལ་ཞབས་ཞུ་བསྒྲུབ་པའི་ཤེས་བྱ་ཡོན་ཏན་འབྱོར་ཐུབ་པར་མ་ཟད། ན་ཆུང་བྱིས་པ་རྣམས་ཀྱི་ལུས་སེམས་གཉིས་ཀ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་ཐུབ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གནས་ཚུལ་དེར་གཞིགས་ཏེ།ན་ཆུང་བྱིས་པ་རྣམས་ལ་འཚམ་པའི་རྒྱལ་ཁབ་ཕྱི་ནང་གི་གནའ་དེང་ལོ་རྒྱུས་དང་ཚན་རིག་རིག་གནས། རང་བྱུང་གསང་བ། ཡུལ་སྲོལ་གོམས་འདྲིས། ཤེས་བྱའི་དྲིས་ལན། སྐྱེ་དངོས་ཤེས་བྱ། རི་མོའི་ཤེས་བྱ། དངོས་ལུགས་རྩིས་རིག བྱིས་སྒྲུང་གྲགས་ཅན། ལོ་རྒྱུས་མི་སྣ་ངོ་སྤྲོད། འཚོ་བའི་རྒྱུན་ཤེས་སོགས《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》ཅེས་པའི་དཔེ་ཚོགས་ཆེན་པོ་རུ་ཕྱོགས་བསྒྲིགས་བྱས་ཏེ་ལོ་རེར་དེབ་འགའ་རེ་འགྲེམ་སྤེལ་བྱེད་བཞིན་ཡོད།
《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》ཁྲོད་བཀོད་པའི་རྩོམ་ཡིག་རེ་རེ་ཚིག་ཉུང་ཞིང་གསོན་ཉམས་ལྡན་པས།"ཚིག་ཉུང་གཏམ་གྱི་མེ་ལོང་དུ། །དོན་མང་གཟུགས་ཀྱི་རྣམ་པ་འཆར། །"ཞེས་པ་བཞིན་དུས་ཡུན་ཐུང་ངུའི་ནང་དུའང་སློབ་བུ་དེ་དག་གི་བློ་རིག་གི་སྒོ་མོ་འབྱེད་ཅིང་ཤེས་བྱའི་མཐོང་རྒྱ་བསྐྱེད་ནུས་པར་མ་ཟད། ན་ཆུང་བྱིས་པ་རྣམས་ཀུན་སྤྱོད་ལེགས་པའི་ལམ་དུ་འདྲེན་པ་ལ་རམ་འདེགས་བྱེད་ཅིང་ནང་དོན་ཕུན་སུམ་ཚོགས་པའི་དཔེ་ཚོགས་ཤིག་ཡིན།
ལྷག་དོན་དཔེ་ཚོགས་འདི་པར་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་མི་རིགས་ཡིག་རིགས་པར་སྐྲུན་ཆེད་སྤྱོད་མ་དངུལ་རྣམ་གྲངས་ཀྱིས་མཐུན་རྐྱེན་གང་ལེགས་བསྒྲུབས་པ་དང་། མཚོ་སྔོན་རིག་གནས་པར་སྐྲུན་ཐིན་གྱིས་ཐུགས་ཁུར་ཟབ་རྒྱས་གནང་བར་བཀའ་དྲིན་ཆེ་ཞུས་པ་ལགས།
མཐར་དཔེ་ཚོགས་འདིའི་གཙོ་སྒྲིག་པ་ནག་པོ་སྐལ་བཟང་ནས་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་ཡོང་བའི་སྨོན་འདུན་དང་བཅས་ཟླ་ཚེས་བཟང་བོར་དཔེ་ཚོགས་འདིའི་གླེང་གཞི་སྦྱར་བ་དགེ་ལེགས་འཕེལ།