ཤེས་བྱ་དྲིས་བརྒྱ་བ།__ཀྲུང་གོའི་ཞིང་ལྗོངས་དང་གྲོང་ཁྱེར།

[སྤེལ་དུས། 2013-05-20]

ཤེས་བྱ་དྲིས་བརྒྱ་བ།__ཀྲུང་གོའི་ཞིང་ལྗོངས་དང་གྲོང་ཁྱེར།

ཀྲུང་གོའི་ཞིང་ལྗོངས་དང་གྲོང་ཁྱེར།

རྩོམ་པ་པོ།   ཚེ་རིང་དོན་གྲུབ།

དཔེ་སྐྲུན།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (ཟི་ལིང་གྲོང་ཁྱེར་སྒོ་ཨང10)

       སྦྲག་ཨང་།  810001 ཁ་པར།  (0971)6138933

འགྲེམས་སྤེལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྦྲག་ཨང་།  810001 ཁ་པར།  (0971)6138933

བརྒྱུད་འཚོང་།  ཞིན་ཧྭ་དཔེ་ཁང་།

པར་འདེབས།  མཚོ་སྔོན་མི་རིགས་པར་ཁང་།

དེབ་ཚད    880mm×1230mm  1/24

དཔར་ཤོག   7.5

ཡིག་གྲངས།   ཁྲི 10

པར་ཐེངས།   2012ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2012ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།

དཔར་གྲངས།  1--2 000

དཔེ་རྟགས།   ISBN 978-7-5420-1846-5

རིན་གོང་།    སྒོར20.00

 

རྩོམ་པ་པོ།   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་མཛད།

དཔེ་སྐྲུན།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (ཟི་ལིང་གྲོང་ཁྱེར་སྒོ་ཨང10)

       སྦྲག་ཨང་།  810001 ཁ་པར།  (0971)6138933

འགྲེམས་སྤེལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྦྲག་ཨང་།  810001 ཁ་པར།  (0971)6138933

བརྒྱུད་འཚོང་།  ཞིན་ཧྭ་དཔེ་ཁང་།

པར་འདེབས།  མཚོ་སྔོན་མི་རིགས་པར་ཁང་།

དེབ་ཚད    720mm×960mm  1/16

དཔར་ཤོག   53

ཡིག་གྲངས།   ཁྲི 56

པར་ཐེངས།   2012ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2012ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།

དཔར་གྲངས།  1--3 000

དཔེ་རྟགས།   ISBN 978-7-5420-1890-8

རིན་གོང་།    སྒོར80.00

  

རྩོམ་པ་པོ།   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་མཛད།

དཔེ་སྐྲུན།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (ཟི་ལིང་གྲོང་ཁྱེར་སྒོ་ཨང10)

       སྦྲག་ཨང་།  810001 ཁ་པར།  (0971)6138933

འགྲེམས་སྤེལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྦྲག་ཨང་།  810001 ཁ་པར།  (0971)6138933

བརྒྱུད་འཚོང་།  ཞིན་ཧྭ་དཔེ་ཁང་།

པར་འདེབས།  མཚོ་སྔོན་མི་རིགས་པར་ཁང་།

དེབ་ཚད    720mm×960mm  1/16

དཔར་ཤོག   53

ཡིག་གྲངས།   ཁྲི 56

པར་ཐེངས།   2012ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2012ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།

དཔར་གྲངས།  1--3 000

དཔེ་རྟགས།   ISBN 978-7-5420-1890-8

རིན་གོང་།    སྒོར80.00

     གླེང་གཞི། 

      དེང་གི་དུས་འདི་ནི་རྣ་དབང་འཕྲོག་ཅིང་མིག་དབང་འཕྲུལ་དུ་འཇུག་པའི་འཇིག་རྟེན་གསར་བ་ཞིག་ཡིན་པས། ན་ཆུང་བྱིས་པ་དག་གིས་བྱ་དངོས་ཁྲ་ཁྲ་རིག་རིག་དང་རང་བྱུང་གི་མཐོང་སྣང་འདྲ་མིན་སྣ་ཚོགས་རིག་ན་མཚར་སྣང་དང་བཅས"གནམ་སྔོན་པོའི་མཐོ་ཚད་ག་འདྲ་ཡིན་པ"དང"ས་དོག་མོའི་མཐུག་ཚད་ག་འདྲ་ཡིན་པ"  "འདབ་ཆགས་ལ་གཤོག་པ་ཐོགས་དོན་ཅི་ཞིག་ཡིན་པ"   "དགུན་ཐོག་ཁ་བ་འབབ་དོན་ཅི་ཞིག་ཡིན་པ"སོགས་དྲི་བ་མང་བོ་ཞིག་གདོན་སྲིད།

བལྟས་ཚོད་ཀྱིས་དྲི་བ་འདི་དག་བྱིས་བློས་ཁེངས་འདུག་པ་ཞིག་ཡིན་ནའང་།   དོན་དངོས་ཀྱི་སྟེང་ནས་བཤད་ན་རང་བྱུང་ཁམས་ཀྱི་ཤེས་བྱ་སྣ་ཚོགས་དང་འབྲེལ་བ་དམ་པོ་ཡོད་པས། ཤུགས་ན་ཚན་རིག་གི་གནས་ལུགས་མང་བོ་ཞིག་ཤེས་འདོད་པ་དེ་མངོན་འདུག ན་ཆུང་བྱིས་པ་རྣམས་ཀྱི་ཤེས་འདོད་དང་མཚར་སྣང་གི་རེ་བ་དེ་བསྐང་རྒྱུ་དང་། ཁྱད་པར་དུ་ན་ཆུང་བྱིས་པ་རྣམས་ལ་ཚན་རིག་སློབ་གསོ་ཁྱབ་གདལ་དུ་གཏང་ཆེད། ངེད་དཔེ་སྐྲུན་ཁང་གིས་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས། དུས་རབས21པའི་ན་ཆུང་བྱིས་པ་རྣམས་ཀྱི་བློ་ཁ་དང་མཐུན་པའིཤེས་བྱ་དྲིས་བརྒྱ་བཞེས་པའི་དཔེ་ཚོགས་འདི་བསྒྲིགས་ཏེ་པར་དུ་བསྐྲུན་པ་ཡིན། དཔེ་ཚོགས་འདིར་གོ་སླ་བའི་ཚིག་གི་སྦྱོར་བ་དང་། ཕུན་སུམ་ཚོགས་པའི་འདྲ་རིས་ལ་བརྟེན་ནས་གོ་དཀའ་ཞིང་དོན་ཟབ་པའི་ཚན་རིག་ཤེས་བྱ་དག་ཁ་གསལ་བོའི་སྒོ་ནས་བསྟན་ཡོད་པས། དཔེ་ཚོགས་འདིར་བལྟས་ན་ཀློག་པ་པོ་དག་གི་ཤེས་བྱའི་རྨང་གཞི་ཇེ་བརྟན་དང་། ཚན་རིག་ལ་དགའ་ཞིང་། ཚན་རིག་ལ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡང་གསོ་སྐྱོང་བྱ་ཐུབ།

    རང་བྱུང་ཁམས་ཆེན་པོ་ནི་གསང་རྒྱའི་ཁྲོད་ན་གནས་པའི་ངོ་མཚར་སྟོང་ལྡན་གྱི་རྒྱལ་ཁམས་ཤིག་ཡིན་པས། ན་ཆུང་བྱིས་པ་རྣམས་ཀྱིས་འཆར་སྒོ་ཡངས་པོའི་སྒོ་ནས་དྲི་བ་གང་མང་བཏོན་ཏེ་འཇིག་རྟེན་འདི་ངོས་བཟུང་ན། ཚན་རིག་ཤེས་བྱ་ལ་མོས་པའི་གོམས་གཤིས་བཟང་བོ་ཆགས་ཐུབ་པར་མ་ཟད། རྗེས་སོར་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་མཛེས་ཤིང་སྡུག་པའི་མ་འོངས་པ་ཞིག་གསར་དུ་བསྐྲུན་ཐུབ་བོ།།

    ལྷག་དོན་དཔེ་ཚོགས་འདི་པར་དུ་བསྐྲུན་པར་རྒྱལ་ཁབ་ཀྱིས"མི་རིགས་ཡིག་རིགས་པར་སྐྲུན་ཆེད་སྤྱོད་མ་དངུལ་ལས་གཞིའི"མཐུན་རྐྱེན་གང་ལེགས་སྦྱར་པ་དང་། མཚོ་སྔོན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་ཐུགས་ཁུར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ།

    མཐར་དཔེ་ཚོགས་འདིའི་གཙོ་སྒྲིག་པ་ནག་པོ་སྐལ་བཟང་གིས་བོད་ཀྱི་ཚན་རིག་དང་རིག་གནས་སློབ་གསོ་དར་རྒྱས་གོང་འཕེལ་དུ་ཡོང་བའི་སྨོན་འདུན་དང་བཅས་ཟླ་ཚེས་བཟང་བོར་དཔེ་ཚོགས་འདིའི་གླེང་གཞི་སྦྱར་བ་དགེ་ལེགས་འཕེལ།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག