དཔེ་རྒྱུན་དཀོན་པའི་རྣམ་ཐར་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ།།

[སྤེལ་དུས། 2013-08-16]

དཔེ་རྒྱུན་དཀོན་པའི་རྣམ་ཐར་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ།།

དཔེ་རྒྱུན་དཀོན་པའི་རྣམ་ཐར་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ།།   

   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

རྩོམ་པ་པོ།   བིས་པ་མི་ཕམ་ཟླ་བ་སོགས་ཀྱིས་མཛད།

སྡོད་གནས།   མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ།   (810001)

འགྲེམས་སྤེལ་ཁ་པར།/0971-6123221     འདྲི་རྩད་ཁ་པར།/(0971)6138933

E-mail/qhmzcbs@sohu.com    WWW.qhmcbs,com  

རྩོམ་སྒྲིག་འགན་འཁུར་པ།  ཤ་བོ་བསོད་ནམས།

དེབ་གཞི་འཆར་འགོད་པ།  ཕྱུག་འཚོ་སྐྱིད།

དཔར་སྐྲན་འགན་ལེན་པ།  ཡིའུ་ཆིའུ་ཧྭ།

འགྲེམས་སྤེལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ། 

བརྒྱུད་འཚོང་།  ཞིན་ཧྭ་དཔེ་ཁང་།              པར་འདེབས། ཟི་ལིང་མི་རིགས་པར་ཁང་།

པར་འདེབས།  མཚོ་སྔོན་མི་རིགས་པར་ཁང་།

དེབ་ཚད    720mm×1000mm  1/16  ཡིག་གྲངས། ཁྲི 18

དཔར་ཤོག   16.25               དཔར་གྲངས།  1-2 000

པར་གཞི།   2013ལོའི་ཟླ6པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2012ལོའི་ཟླ6པར་དཔར་ཐེངས་དང་པོ་དཔར།

དཔེ་རྟགས།   ISBN 978-7-5420-1940-0   རིན་གོང་། སྒོར28.00

(པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)

(ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)

  ནང་དོན་མདོར་བསྡུས།

 དེབ་འདིའི་ནང་བོད་ཀྱི་ལོ་རྒྱུས་ཁྲོད་མི་རིགས་རིག་གནས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་ཕྱག་རྗེས་བླ་ན་མཐོ་བའི་གྲུབ་མཐའ་རིས་མེད་ཀྱི་དམ་པ་འགའི་རྣམ་ཐར་ཐུང་གྲས་ཁག་ཅིག་ཕྱོགས་གཅིག་ཏུ་སྒྲིག་པའི་ཁུར་འཁྱེར་ཡོད། དེབ་ཧྲིལ་བོ་རྣམ་ཐར་བཅུ་དྲུག་གིས་གྲུབ་ཡོད་ལ། རྣམ་ཐར་རེ་རེའི་བྱུང་དུས་དང་མཁས་པ་སོ་སོའི་མཛད་རྗེས་སྐབས་སོ་སོའི་སྤྱི་ཚོགས་གནས་བབ་དང་རིག་གནས་འཕེལ་ཕྱོགས་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁར། མཁས་པའི་དབང་བོ་འདི་དག་གིས་ཐོག་མར་རིག་པའི་གནས་ལ་ཇི་ལྟར་དཀའ་བ་སྤྱད་ཚུལ་ནས་མགོ་བརྩམས་ཏེ། མཐར་རྗེས་འཇུག་སློབ་མ་ཇི་ལྟར་བསྐྱེད་བསྲིངས་བྱས་པའི་བར་གྱི་མཛད་འཕྲིན་ལ་བཅོས་ལྷད་དང་འུད་ཤོབ་མེད་པར། མི་ཚེ་གང་བོ་མི་རིགས་རིག་གནས་ཀྱི་བྱ་བཞག་ལ་བསྟིམས་པའི་མཛད་པ་རྣམ་པར་དག་པས་ན། སྔ་རབས་བོད་པའི་རིག་གནས་ཤུལ་བཞག་ལ་ཕྱི་རབས་པས་སློབ་སྦྱོང་དང་ཁ་མིག་ཡར་བལྟ་བྱེད་སའི་མིག་དཔེ་བཟང་པོར་སོང་གཤིས་སློབ་གསོའི་རིན་ཐང་ལྡན་པ་དང་། གང་བརྗོད་པར་བྱ་བའི་མཛད་པ་འཕྲིན་ལས་དག་ནི་སེམས་ཅན་སྤྱི་ལ་ཕན་པའི་ཀུན་སློང་ཤ་སྟག་གིས་བརྒྱན་ཏེ་ཡོད་པ་ནི། རིག་གཞུང་ཁྱབ་སྤེལ་དང་མི་གཤིས་གསོ་སྐྱོང་གི་ཆ་ལ་གང་ལ་གང་ཕན་དུ་ལེགས་པའི་ལམ་དུ་འཁྲིད་པ་ལ་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ལགས། རྣམ་ཐར་འདི་དག་དཔེ་རྒྱུན་དཀོན་པས་ལག་སོན་དཀའ་བ་དང་།  འདིར་བཞུགས་པའི་རྣམ་ཐར་དག་ལས་ལ་ལ་ནི་བྱུང་སྔ་བས་སྐབས་དེ་དག་ཏུ་སྤྱོད་པའི་ཡི་གེའི་སྦྱོར་བ་དང་སྐད་ཆའི་སྒྱུ་རྩལ་ལ་སོ་སོའི་ཁྱད་ཆོས་དང་དགོས་པ་མི་དམན་པ་མངའ་བས་ན།  ད་རེ་པར་དུ་བསྐྲུན་ཏེ་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་བསྡུ་སྒྲིག་ལས་གཞན་བོད་རིག་པའི་ཞིབ་འཇུག་གི་ལས་དོན་པ་རྣམས་ལ་དཔྱད་གཞིར་ཕན་བའི་ཀུན་སློང་གིས་བསྐུལ་བ་འདི་བཞིན་འགྲུབ་པར་རེ་བའོ།།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

བིས་བ་ངག་དབང་མི་ཕམ་ཟླ་བ་དང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་བརྩམས་པ་ལས། བིས་བ་མི་ཕམ་ཟླ་བ་༡༧༦༧༡༨༠༧ནི་མདོ་སྨད་མར་ནང་ཚོ་ལྔར་བིས་ཐང་འཇའ་མོའི་རིགས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ནས་བཟུང་བདེ་ཆེན་ཤེས་རབ་འོད་ཟེར་སོགས་ལ་བསྟེན་ནས་སུམ་རྟགས་དང་སྙན་ངག་ལ་བསླབས།  དགོན་ལུང་དུ་ཝང་སྐལ་བཟང་ཡེ་ཤེས་དར་རྒྱས་སོགས་ལས་བཀའ་ཆོས་ཅི་རིགས་གསན།  ཁྱད་པར་དུ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་དྲུང་དུ་སྔགས་ལུགས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཟབ་ཁྲིད་བཅས་པ་ལེགས་པར་གསན།  རོང་བོ་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གི་ཁྲིར་བཞུགས། ཕྱག་རྩོམ་ལ་ཤར་སྤྲུལ་བའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་དང་།  རྩིས་གཞུང་མཁས་པའི་སྙིང་ནོར་སོགས་པོ་ཏི་གསུམ་ཙམ་ཡོད།  དུས་ཐོག་དེར་རྩོམ་པ་ལེགས་པའི་ཚད་དུ་བྱེད་དོ།།

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག