༄༅། །ནད་གདོན་རིམས་ཡམས་བསྲུང་བའི་མན་ངག་གཅེས་བསྒྲིགས་འདོད་འཇོ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།།

[སྤེལ་དུས། 2014-02-20]

༄༅།  །ནད་གདོན་རིམས་ཡམས་བསྲུང་བའི་མན་ངག་གཅེས་བསྒྲིགས་འདོད་འཇོ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།།

ནང་དོན་གནད་བསྡུས།

  དེང་གི་ཆར་གངས་ཅན་བཅུ་ཕྲག་རིག་པའི་གཞུང་དང་ལག་ལེན་རྣམས་འཛམ་གྱིང་འཛིན་མའི་ཁྱོན་ན་གོ་གནས་ངེས་ཅན་གྱི་སྟེགས་བུར་མངོན་པར་འགྱིང་བ་ལས།  སྐབས་འདིར་བོད་ཀྱི་གསོ་བ་རིག་པ་དང་ནང་དོན་རིག་པ་ཟུང་དུ་འབྲེལ་བའི་ལུས་ཅན་རྣམས་ཡུན་དུ་འཚོ་ཞིང་ཉེར་འཚེ་མི་འབྱུང་བའི་ཐབས་ཚུལ་རྒྱ་ཆེ་ལ་གྲངས་མང་བ་ཞིག་མཆིས་པའི་ནང་ཚན།  ནད་གདོན་རིམས་ཡམས་བསྲུུང་བའི་མན་ངག་གི་སྐོར་ཞིག་བསྡུ་བསྒྲིག་བྱས་པ་འདི་ཡང་།  ད་སྔོན་མི་ལོ་སྟོང་ཕྲག་འགའི་རིང་སྟོན་པ་སངས་རྒྱས་དང་རྒྱ་གར་པཎ་གྲུབ་རྣམས་ཀྱིས་མཛད་པའི་སྐོར་དང་།  དེ་མིན་བལ་བོ་དང་།  རྒྭ་ནག་སོགས་ཀྱི་པཎྟི་ཏ་དང་ཨ་ཙ་ར་རྣམས་ལས་བརྒྱུད་པའི་སྐོར་དང་།  སངས་རྒྱས་གཉིས་པ་པདྨ་ཀཱ་རས་མ་འོངས་སེམས་ཅན་གྱི་དོན་དུ་བཀའ་རྒྱས་བཏབ་པ་བོད་ཀྱི་གྲུབ་ཐོབ་གཏེར་སྟོན་རྣམས་ཀྱིས་སྤྱན་དྲངས་པའི་སྐོར་དང་།  དམ་པའི་སྐྱེས་ཆེན་འགའི་དག་སྣང་གི་ངོར་ལྷག་པའི་ལྷས་ལུང་བསྟན་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མན་ངག་མཐའ་ཡས་པ་རྣམས་ལས་བཏུས་པ་ཡིན་ལ།  སྤྱིར་བསྲུུང་བའི་རིམ་པ་གང་ཡང་འབྲི་ཐབས་དང་།  རྫས་སྦྱོར།  སྒྲུབ་ཚུལ།  རབ་གནས་བཅས་ཚུལ་བཞིན་གྲུབ་ན་མེ་ཆུ་དུག་མཚོན་སོགས་ཕྱི་ཡུལ་གྱི་གནོད་འཚེ་དང་།  རླུང་མཁྲིས་བད་རིམས་སོགས་ནང་གི་འདུ་བ་འཁྲུག་པ།  འདྲེ་གདོན་འབྱུང་པོ་སོགས་གསང་བའི་བར་ཆད་ཐམས་ཅད་མངོན་སུམ་དུ་བསྲུང་ནུས་པ་ལོ་རྒྱུས་ཀྱི་བདེན་དཔང་མང་པོས་འགྱུར་མེད་ཀྱི་གཏན་ཚིགས་བཟོས་འདུག་མོད།  འོན་ཀྱང་ལག་ལེན་ཚུལ་ལྡན་མིན་པའི་ཚོང་རའི་དངོས་པོ་རྫུན་བཟོ་བྱས་པ་ལྟ་བུས་ཕན་ནུས་ཆུང་བས།   ང་ཚོས་དད་ལྡན་མང་ཚོགས་ཀྱི་རེ་བ་ལྟར་དཔེ་ཆ་འདི་པར་དུ་བསྐྭུན་པ་ལགས།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག