ཤེས་བྱ་དྲིས་བརྒྱ་བ།————བོད་ཀྱི་མཁས་པ་གྲགས་ཅན།
རྡོ་སྦིས་ཀླུ་འབུམ་རྒྱལ་གྱིས་སྒྲིག་རྩོམ་བྱས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྩོམ་པ་པོ། སྐལ་བཟང་དོན་གྲུབ་ཀྱིས་འཚོལ་སྡུད་བྱས།
སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ། (810001)
འགྲེམས་སྤེལ་ཁ་པར།/0971-6123221 འདྲི་རྩད་ཁ་པར།/(0971)6138933
E-mail/qhmzcbs@sohu.com WWW.qhmcbs,com
རྩོམ་སྒྲིག་འགན་འཁུར་པ། དཔལ་ལྡན།
དེབ་གཞི་འཆར་འགོད་པ། ཕྱུག་འཚོ་སྐྱིད།
དཔར་སྐྲན་འགན་ལེན་པ། ཡིའུ་ཆིའུ་ཧྭ།
འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ།
བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་། པར་འདེབས། མཚོ་སྔོན་ཉིན་རེའི་ཚགས་པར་པར་ཁང་།
དེབ་ཚད 880mm×1230mm 1/24 ཡིག་གྲངས། ཁྲི 10
དཔར་ཤོག 7.5 དཔར་གྲངས། 1-2 000
པར་གཞི། 2013ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
དཔར་ཐེངས། 2013ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།
དཔེ་རྟགས། ISBN 978-7-5420-2079-6 རིན་གོང་། སྒོར20.00
(པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)
(ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)
ནང་དོན་གནད་བསྡུས།
དེང་གི་དུས་འདི་ནི་རྣ་དབང་འཕྲོག་ཅིང་མིག་དབང་འཕྲུལ་དུ་འཇུག་པའི་འཇིག་རྟེན་གསར་བ་ཞིག་ཡིན་པས། ན་ཆུང་བྱིས་པ་དག་གིས་བྱ་དངོས་ཁྲ་ཁྲ་རིག་རིག་དང་རང་བྱུང་གི་མཐོང་སྣང་འདྲ་མིན་སྣ་ཚོགས་རིག་ན་མཚར་སྣང་དང་བཅས“གནམ་སྔོན་པོའི་མཐོ་ཚད་ག་འདྲ་ཡིན་པ”དང“ས་དོག་མོའི་མཐུག་ཚད་ག་འདྲ་ཡིན་པ”འདབ་ཆགས་ལ་གཤོག་པ་ཐོགས་དོན་ཅི་ཞིག་ཡིན་པ“དགུན་ཐོག་ཁ་བ་འབབ་དོན་ཅི་ཞིག་ཡིན་པ”སོགས་དྲི་བ་མང་བོ་ཞིག་གདོན་སྲིད།
བལྟས་ཚོད་ཀྱིས་དྲི་བ་འདི་དག་གོ་སླ་ཞིང་བྱིས་བློས་ཁེངས་འདུག་པ་ཞིག་ཡིན་ནའང་། དོན་དངོས་ཐོག་བཤད་ན་རང་ང་ཁམས་ཀྱི་ཤེས་བྱ་སྣ་ཚོགས་དང་འབྲེལ་བ་དམ་པོ་ཡོད་པས། ཤུགས་ན་ཚན་རིག་གི་གནས་ལུགས་མང་བོ་ཞིག་ཤེས་ན་འདོད་པ་དེ་མངོན་འདུགན་ཆུང་བྱིས་པ་རྣམས་ཀྱི་ཤེས་འདོད་དང་མཚར་སྣང་གི་རེ་བ་དེ་བསྐང་བའི་ཆེད་དང་། ཁྱད་པར་དུ་ན་ཆུང་བྱིས་པ་རྣམས་ལ་ཚན་རིག་སློབ་གསོ་ཁྱབ་གདལ་དུ་གཏོང་ཆེད། ངེད་དཔེ་སྐྲུན་ཁང་ས་ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ།དུས་རབས21པའི་ན་ཆུང་བྱིས་པ་རྣམས་ལ་འཚམ་པའི《ཤེས་བྱ་དྲིས་བརྒྱ་བ》ཞེས་པའི་དཔེ་ཚོགས་འདི་བསྒྲིགས་ཏེ་པར་དུ་བསྐྲུན་པ་ཡིན། དཔེ་ཚོགས་འདིས་གོ་སླ་བའི་ཚིག་དང་ཕུན་སུམ་ཚོགས་པའི་འདྲ་རིས་ལ་བརྟེན་ནས་གོ་དཀའ་ཞིང་དོན་ཟབ་པའི་ཚན་རིག་ཤེས་བྱ་དག་ཁ་གསལ་བའི་སྒོ་ནས་བསྟན་ཡོད་པས། ན་ཆུང་ཀློག་པ་པོ་དག་གིས་དཔེ་ཚོགས་འདིར་བལྟས་ན་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་ཐུབ་པར་མ་ཟད། ན་ཆུང་ཀློག་པ་པོ་རྣམས་ཚན་རིག་ལ་དགའ་ཞིང་། ཚན་རིག་ལ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡང་སྐྱེད་སྲིང་བྱ་ཐུབ་པ་ཡིན།
རང་བྱུང་ཁམས་ཆེན་པོ་ནི་གསང་རྒྱའི་ཁྲོད་ན་གནས་པའི་ངོ་མཚར་སྟོང་ལྡན་གྱི་རྒྱལ་ཁམས་ཤིག་ཡིན་པས། ན་ཆུང་བྱིས་པ་རྣམས་ཀྱིས་མུ་ནས་མུ་མཐུད་དེ་དྲི་བ་བཏོན་ཅིང་འཇིག་རྟེན་འདི་ངོས་འཛིན་པ་དང་། ཆུང་དུས་ནས་ཚན་རིག་ལ་མོས་པའི་སྤྲོ་སྣང་སྐྱེད་སྲིང་བྱས་ན། ནར་སོན་རྗེས་རང་གི་བློ་རིག་ཡོན་ཏན་ལ་བརྟེན་ནས་མཛེས་ཤིང་སྡུག་པའི་མ་འོངས་པ་ཞིག་གསར་དུ་བསྐྲུན་ཐུབ་པ་ཡིན་ནོ།།