ཡ་ཧུ་དྰ་པའི་སློབ་གསོའི་མན་ངག

[སྤེལ་དུས། 2014-11-04]

ཡ་ཧུ་དྰ་པའི་སློབ་གསོའི་མན་ངག

 

རྩོམ་པ་པོ། ཉི་གཞོན་གྱིས་སྒྲིག་སྒྱུར་བྱས།

说明: 说明: C:\DOCUME~1\ADMINI~1\LOCALS~1\Temp\founder\fxzxml_1392774426191109232\d02788beb65f1418b6dd53.jpg

 说明: 说明: C:\DOCUME~1\ADMINI~1\LOCALS~1\Temp\founder\fxzxml_1392774426191109232\d02788beb65f1418b6f55b.jpg  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

སྡོད་གནས།   མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ།  (810001)

འགྲེམས་སྤེལ་ཁ་པར།/0971-6123221    འདྲི་རྩད་ཁ་པར།/(0971)6138933

E-mail/qhmzcbs@sohu.com    དྲ་གནས། www.qhmzcbs,com

说明: 说明: C:\DOCUME~1\ADMINI~1\LOCALS~1\Temp\founder\fxzxml_1392774426191109232\d02788beb65f1418b72b62.jpg 

རྩོམ་སྒྲིག་འགན་འཁུར་པ། བསོད་ནམས་བཀྲ་ཤིས།

དེབ་གཞི་འཆར་འགོད་པ། ཕག་མོ་སྒྲོལ་མ།

དཔར་སྐྲན་འགན་ལེན་པ། ཡིའུ་ཆིའུ་ཧྭ།

说明: 说明: C:\DOCUME~1\ADMINI~1\LOCALS~1\Temp\founder\fxzxml_1392774426191109232\d02788beb65f1418b76005.jpg

འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ། 

བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་།              པར་འདེབས། མཚོ་སྔོན་མི་རིགས་པར་ཁང་།

དེབ་ཚད    720mm×1000mm  1/16 ཡིག་གྲངས། ཁྲི 22

དཔར་ཤོག   17.5               དཔར་གྲངས།  1-3 000

པར་གཞི།   2013ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

དཔར་ཐེངས།  2013ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།

说明: 说明: C:\DOCUME~1\ADMINI~1\LOCALS~1\Temp\founder\fxzxml_1392774426191109232\d02788beb65f1418b7bc0c.jpg

དཔེ་རྟགས།   ISBN 978-7-5420-2169-4      རིན་གོང་། སྒོར30.00

说明: 说明: C:\DOCUME~1\ADMINI~1\LOCALS~1\Temp\founder\fxzxml_1392774426191109232\d02788beb65f1418b7e813.jpg

  (པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)

  (ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)

ནང་དོན་གནད་བསྡུས།

སྤྱིར་བཏང་དུ་སྐད་དང་ཡི་གེ་ཆོས་ལུགས་དད་མོས་འཚོ་བ་གོམས་གཤིས་སོགས་ནི་སོ་སོར་ཐུན་མིན་དུ་སྣང་ཡང་། འཇིག་རྟེན་གནས་ལུགས་ཐད་ཀྱི་རིན་ཐང་ལྟ་ཚུལ་དང་སྤང་བླང་འཇུག་ལྡོག་བྱེད་ཚུལ་ནི་མི་རིགས་དང་རིག་གནས་བྱེ་བྲག་པར་མ་བལྟོས་པར་ཐུན་མོང་སྤྱི་འགྲོས་སུ་སོང་བ་ཤས་ཆེ་བར་མཐོང་། རིག་གནས་ཞེས་པ་དང་སློབ་གསོ་ཞེས་པའི་དམིགས་གཏད་ཀྱི་ཡུལ་ཀྱང་བྱེ་བྲག་གི་སྐྱེ་བོ་རེ་རེའི་མི་ཚེ་དེ་ཤེས་རབ་གྱིས་ཟིན་པ། བཟང་པོ་སྤྱོད་པས་ཕྱུག་པ། རྩིས་མཐོང་ཆེ་བས་འཚོ་བ་འབའ་ཞིག་ལས་མ་འདས། དེས་ན་གང་དག་ལ་དེ་ཕྱོགས་ཀྱི་ལེགས་པའི་ཡོན་ཏན་ཅི་འདུག་རང་ཉིད་ཕུན་སུམ་ཚོགས་པའི་རྒྱུ་དང་རྐྱེན་དུ་འདྲེན་པ་ལ་ཁོག་ཡངས་བློ་སྤོབས་བསྐྱེད་རྒྱུ་ནི་དེང་གི་དུས་སུ་འུ་ཅག་ལ་མཚོན་ན་ལྷག་པར་དུ་གལ་ཆེན་པོ་རེད་དོ་སྙམ། དེ་ལྟ་བས་ན་འུ་ཅག་གི་དཔེ་ལྟོས་སུ་གྱུར་པའང་འཛམ་གླིང་སྒང་འདིར་གྲངས་ཀྱིས་མི་ཟིན་པ་འདུག་ན་ཡ་ཧུ་དཱ་པ་ནི་དེ་དག་ལས་ཀྱི་ཁྱད་པར་དུ་འཕགས་ཤོས་ཡིན་ནོ་ཞེས་དང་། ཡ་ཧུ་དཱ་པའི་སློབ་གསོའི་བསམ་བཞག་དང་ཚུལ་རྣམ་ཅི་རིགས་འཛམ་གླིང་བྱིངས་ཆེའི་མིག་ལྟོས་སུ་སོང་བའི་རྒྱུ་མཚན་གྱིས་དཔེ་དེབ་འདིར་ཡ་ཧུ་དཱ་པའི་སློབ་གསོ་ལས་ཀྱི་བྱིས་པའི་སློབ་གསོའི་སྐོར་ཁོལ་བཀར་དུ་བསྒྲིགས་ཡོད་འདུག

དཔེ་དེབ་འདི་རུ་ཕ་མར་གྱུར་པ་དག་དང་དགེ་རྒན་གྱི་ལས་ཁུར་པ་དག་ལ་དམིགས་གཏད་དེ་ཡ་ཧུ་དཱ་པའི་གཏམ་རྒྱུད་ལྔ་བཅུར་ཉེ་བ་བསལ་འདེམས་སྒྱུར་སྒྲིག་བགྱིས་འདུག་པ་རེ་རེ་ནས་གནས་ལུགས་ཟབ་མོ་ཁ་གསལ་གོ་བདེར་སྦྱར་འདུག་པ་དང་།  རྡོག་དོན་བྱིས་པའི་གནས་སྐབས་ནས་བཟུང་སྟེ་ཤེས་རབ་བསྐྱེད་ཅིང་བསྲིང་བ་དང་བཟང་པོ་སྤྱོད་པས་རྒྱུད་སྨིན་པར་བྱེད་པའི་ཉེར་བསྡོགས་སྔོན་དུ་འགྲོ་བར་ཐབས་ཤེས་བརྩོན་གསུམ་ཇི་ལྟར་བསྟེན་ཚུལ་གཏམ་རྒྱུད་གསོན་ཉམས་ཅན་ལ་སྦྱར་ཅིང་འཆད་བདེ་ཉན་སྤྲོ་ཅན་དུ་བྱས་ཡོད་འདུག་ན། འདིས་ཀྱང་འུ་ཅག་ཕ་མ་དང་དགེ་རྒན་རྣམས་ཀྱིས་བྱིས་པའི་ཕྱི་ནང་དོན་ལྡན་དུ་བྱེད་པའི་སློབ་གསོ་གཏོང་བར་སོ་སོར་ཕྱར་བ་གྲུ་འདེགས་ཀྱི་ཕན་རླབས་ཐོན་ངེས་པར་གདོན་མི་ཟའོ། །

 

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག