རྩོམ་པ་པོ། རམས་ཚེ་བྷོ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྩོམ་པ་པོ། སྐལ་བཟང་དོན་གྲུབ་ཀྱིས་འཚོལ་སྡུད་བྱས།
སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ། (810001)
འགྲེམས་སྤེལ་ཁ་པར།/0971-6123221 འདྲི་རྩད་ཁ་པར།/(0971)6138933
E-mail/qhmzcbs@sohu.com WWW.qhmcbs,com
རྩོམ་སྒྲིག་འགན་འཁུར་པ། པད་མ་དབང་ཆེན།
དེབ་གཞི་འཆར་འགོད་པ། འབྲག་མོ་བྱམས།
དཔར་སྐྲན་འགན་ལེན་པ། ཡིའུ་ཆིའུ་ཧྭ།
འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ།
བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་། པར་འདེབས། མཚོ་སྔོན་མི་རིགས་པར་ཁང་།
དེབ་ཚད 890mm×1240mm 1/32 ཡིག་གྲངས། ཁྲི 19
དཔར་ཤོག 8.875 དཔར་གྲངས། 1-3 000
པར་གཞི། 2014ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
དཔར་ཐེངས། 2014ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།
དཔེ་རྟགས། ISBN 978-7-5420-2296-7 རིན་གོང་། སྒོར18.00
(པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)
(ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)
ནང་དོན་གནད་བསྡུས།
སྙན་དེབ་འདིའི་ནང་དུ་ཞིང་གྲོང་གི་འཚོ་བ་བརྗོད་བྱར་བྱས་ཏེ་བྲིས་ཡོད་པ་དང་། རྩོམ་པ་པོས་ཞིང་གྲོང་གི་མཐོང་ཆོས་མྱོང་གྱུར་གྱི་བྱ་དངོས་དག་ལ་བརྟེན་ནས་ཕ་ཡུལ་ལ་དུངས་ཤིང་ཕ་ཡུལ་ལ་དགའ་བའི་ཚོར་འདུ་དྲག་པོ་དེ་མངོན་ཡོད་པས། དེབ་འདི་ནི་ཞིང་གྲོང་སྙན་ངག་གི་ཁྱད་ཆོས་ལྡན་པའི་སྙན་དེབ་ཅིག་ཡིན། འདིའི་ནང་དུ་མི་རིགས་ཞེས་མཐོ་སར་འགྲེང་སྟེ་ཁ་ཕོ་སྒྲོག་པའམ། རིག་གནས་ཞེས་ཟབ་སར་འཛུལ་ནས་གཞུང་ལུགས་རྩོད་པ་སོགས་ཀྱི་འུད་བརྗོད་མེད་པར། ཞིང་གྲོང་ལ་བཅངས་པའི་བརྩེ་བ་ཚད་མངོན་ལྐོག་གང་རུང་ནས་སྒྱུ་རྩལ་གྱི་ཐབས་ལམ་མི་འདྲ་བར་བརྟེན་ཏེ། ཡིད་ཀྱི་མྱོང་རོལ་དང་སེམས་ཀྱི་འགྱུ་བག་སྣ་ཚོགས་བརྗོད་གང་ཐུབ་བྱས་ཡོད།