ཀླུ་འབུམ་མི་རྒོད།(སྨད་ཆ)
རྩོམ་པ་པོ། ནག་པོ་སྐལ་བཟང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྩོམ་པ་པོ། སྐལ་བཟང་དོན་གྲུབ་ཀྱིས་འཚོལ་སྡུད་བྱས།
སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ། (810001)
འགྲེམས་སྤེལ་ཁ་པར།/0971-6123221 འདྲི་རྩད་ཁ་པར།/(0971)6138933
E-mail/qhmzcbs@sohu.com WWW.qhmcbs,com
རྩོམ་སྒྲིག་འགན་འཁུར་པ། རིན་ཆེན་དོན་གྲུབ།
དེབ་གཞི་འཆར་འགོད་པ། ཝང་ཞའོ་ཅན།
དཔར་སྐྲན་འགན་ལེན་པ། ཡིའུ་ཆིའུ་ཧྭ།
འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ།
བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་། པར་འདེབས། མཚོ་སྔོན་མི་རིགས་པར་ཁང་།
དེབ་ཚད 720mm×1000mm 1/16 ཡིག་གྲངས། ཁྲི 50
དཔར་ཤོག 44.5 དཔར་གྲངས། 1-3 000
པར་གཞི། 2013ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
དཔར་ཐེངས། 2013ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།
དཔེ་རྟགས། ISBN 978-7-5420-2075-8 རིན་གོང་། སྒོར80.00
(པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)
(ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)
ནང་དོན་གནད་བསྡུས།
《ཀླུ་འབུམ་མི་རྒོད》ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཐོག་དང་བོར་བྱུང་བའི་དྲག་རྩལ་གྱི་བརྩམས་སྒྲུང་རིང་བོ་ཞིག་དང་།བླུ་མཁན་ཤིན་ཏུ་མང་བའི་བརྩམས་སྒྲུང་གྲགས་ཆེན་ཞིག་ཡིན། གཏམ་རྒྱུད་ཀྱི་བྱུང་རིམ་ནི་བྱམས་སྙིང་རྗེ་ལྡན་ཞིང་བློ་རིག་བཀྲ་བ།དྲག་རྩལ་ལ་རབ་ཏུ་མཁས་པའི་ཀླུ་འབུམ་མི་རྒོད་གཞིར་བཟུང་སྟེ་བྲིས་པ་ཞིག་ཡིན།ཀླུ་འབུམ་མི་རྒོད་ཀྱིས་མདོ་དབུས་མཐོ་སྒང་ན་གདུག་རྩུབ་ཀྱི་འཁོར་ལོ་སྐོར་བའི་མི་ངན་སྐོར་ཞིག་ཚར་བཅད་པ་དང་།རྒྱ་གར་སོགས་སུ་ཕྱིན་ཏེ་བརྐུས་ལ་ཤོར་བའི་བོད་ཁ་བ་ཅན་གྱི་རྟེན་སྣ་ཁྱད་པར་ཅན་ཕྱིར་རང་ས་རང་ཡུལ་དུ་གདན་དྲངས་པ་རེད།ཀླུ་འབུམ་མི་རྒོད་ནི་དྲག་རྩལ་ལ་མཁས་པས།བཙན་པོ་གཉའ་གནོན་དང་ཉམ་ཆུང་འདབས་ནས་བསྐྱོར་བའི་ལས་ལ་ཕྱོགས་པས་ན།བོད་མི་རིགས་ཀྱི་རྒྱུད་ལ་འཛོམས་པའི་དཔའ་མཛངས་དང་སྤོབས་པ་ལྡན་འདུག
《ཀླུ་འབུམ་མི་རྒོད》དུ་ལེགས་ཉེས་བར་གྱི་འཆི་གསོན་གྱི་འཐབ་རྩོད་ཡོད་ལ།ཕུ་ནུ་གྲོགས་པོའི་བར་གྱི་བརྩེ་དུངས་ཀྱང་ཡོད།མཛེས་སྡུག་ལྡན་པའི་མཐོ་སྒང་གི་ལྟད་མོ་ཡོད་ལ།ཧ་ལས་སུ་འཇུག་པའི་བོད་ཀྱི་དྲག་རྩལ་དང་དྲོད་མ་ཡལ་བའི་བོད་མིའི་ཡུལ་སྲོལ་གོམས་འདྲིས་ཀྱང་ཡོད།དངོས་གནས་ངོ་མཚར་སྟོང་ལྡན་གྱི་ལྟད་མོ་ཞིག་མིག་ལམ་དུ་བཤམས་པ་དང་ཀུན་ནས་མཚུངས་པས། 《ཀླུ་འབུམ་མི་རྒོད》ཀྱི་དཔེ་ཆར་ལྟ་མཁན་དང་ཉན་མཁན་ཞིག་ཡིན་ཚེ།དབུགས་ཐེངས་སྐད་ཅིག་གིས་བལྟས་ཤིང་ཉན་ན་འདོད་པ་ཞིག་ཡིན་པར་བརྟེན།ཀློག་པ་པོ་མི་ཉུང་བ་ཞིག་གི་ཡིད་དབང་ཅིག་ཅར་དུ་ཕྲོགས་དང་འཕྲོག་བཞིན་འདུག
《ཀླུ་འབུམ་མི་རྒོད》ལ་མི་སྣ་བཞེང་སྐྲུན་བྱས་པ་ཞིབ་ཚགས་ལྡན་ཞིང་བྱུང་རིམ་ཀྱག་ཀྱོག་ཆེ་བ།སྐད་ཆ་མཛེས་ཤིང་རང་བྱུང་ཡིན་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པས་ན།ཀློག་མཁན་རྣམས་ཀྱིས་དཔེ་ཆ་ལས་རིང་དུ་འཐུལ་བའི་སྒྱུ་རྩལ་གྱི་དྲི་བསུང་དང་མདོ་དབུས་མཐོ་སྒང་གི་མཛེས་སྡུག་དེ་ཚོར་ཐུབ།
《ཀླུ་འབུམ་མི་རྒོད》ཀྱི་སྟོད་ཆ་ནི1992ལོར《མཚོ་སྔོནམང་ཚོགས་སྒྱུ་རྩལ》གྱིས་མུ་འགོད་བྱས་པ་དང་། 《ཀླུ་འབུམ་མི་རྒོད》ཀྱི་སྨད་ཆ2007ལོར《མཚོ་སྔོན་བོད་ཡིག་ཚགས་པར》སྟེང་དུ་མུ་འགོད་བྱེད་སྐབས་མཚོ་སྔོན་བོད་སྐད་རྒྱང་བསྒྲགས་ཁང་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གཉིས་ཀྱིས་སྒྲ་སྡུད་བརྙན་ཕབ་བྱས་ཏེ་བོད་མི་རྣམས་ཀྱི་སྤྱན་ལམ་དང་སྙན་ལམ་དུ་ཕུལ་པ་ན།ལྟ་མཁན་དང་ཉན་མཁན་རྣམས་ཀྱི་རྣ་ཡི་བུ་རམ་དང་མིག་གི་བདུད་རྩིར་གྱུར་ཏེ་ནམ་ཡང་བལྟས་ན་འདོད་པ་དང་ཉན་ན་འདོད་པའི་ལས་ཚན་དུ་གྱུར་ཡོད།
2013ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས《ཀླུ་འབུམ་མི་རྒོད》(སྟོད་ཆ)ལས་མཆེད་པའི《ཀླུ་འབུམ་མི་རྒོད》ཀྱི་རབ་བཏགས་རི་མོའི་དཔེ་ཆ་པར་དུ་བསྐྲུན་པ་དེས་བོད་ཡིག་གི་དཔེ་ཆར་རབ་བཏགས་རི་མོ་མེད་པའི་ལོ་རྒྱུས་དེ་རྩ་བ་ནས་བསྒྱུར་པར་མ་ཟད།ལོ་ན་ཆུང་བའི་ཀློག་པ་པོ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་དང་འགུགས་བཞིན་ཡོད།
བོད་ཀྱི་ཀློག་པ་པོ་རྣམས་ཀྱི་རིག་གནས་དཔལ་ཡོན་ཐད་ཀྱི་འདོད་བློ་དང་བསྟུན་ཆེད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2014ལོའི་ཟླ8པར་བོད་རིགས་ཀློག་པ་པོ་རྣམས་ཀྱིས་སྐོམ་པས་ཆུ་འདོད་ལྟར་རེ་ཞིང་རེ་བའི《ཀླུ་འབུམ་མི་རྒོད》ཀྱི་བརྩམས་སྒྲུང་དེ་པར་དུ་བསྐྲུན་པ་ཡིན།དཔེ་ཆ་ཡོངས་ནི་སྟོད་སྨད་ཆ་གཉིས་སུ་བཀར་ཞིང་ཡིག་འབྲུ་ཁྲི50ལྷག་ཡོད་པའི་དྲག་རྩལ་བརྩམས་སྒྲུང་རིང་མོ་ཞིག་རེད།
《ཀླུ་འབུམ་མི་རྒོད》ནི་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་པའི་བརྩམས་སྒྲུང་ཕུལ་བྱུང་ཅན་ཞིག་རེད།དཔེ་ཆ་དེས་བོད་ཀྱི་མང་ཚོགས་རྣམས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་དང་བསམ་བློ་རིག་གནས་ཐད་ཀྱི་འདོད་བླ་བསྐང་ཐུབ་པར་མ་ཟད།མི་རིགས་རང་ལ་ཡིད་ཆེས་ཡོད་པ་དང་མི་རིགས་རང་ཡར་རྒྱས་གོང་འཕེལ་དུ་གཏང་བའི་བསམ་པའང་སྐྱེད་སྲིང་བྱ་ཐུབ་པ་རེད།
རྩོམ་པ་པོ་ངོ་སྤྲོད།ནག་པོ་སྐལ་བཟང(ཞུ་ཆེན་པ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《གངས་རྒྱན་ན་ཆུང་ཚགས་པར》གྱི་གཙོ་སྒྲིག་པ་མཛད་མྱོང་།བརྩམས་ཆོས་ནི《བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ》(བོད་རྒྱ་ཤན་སྦྱར)《བོད་ཀྱི་ལྷ་རིས་ཐིག་རྩ》(བོད་རྒྱ་ཤན་སྦྱར)《ཀླུ་འབུམ་མི་རྒོད》(བོད་ཀྱི་དྲག་རྩལ་བརྩམས་སྒྲུང་རིང་མོ)《དམྱལ་ཟངས་ནང་ན་ཀུ་རེ་མེད》(དེང་རབས་མཚོན་འཐབ་བརྩམས་སྒྲུང་རིང་མོ)《བྲེད་ཤ་ལངས་པའི་མཚར་གཏམ》(འཇིགས་བསྐྱེད་བརྩམས་སྒྲུང)བཅས་ཡོད།