ལ་བདུན་ནོར་བུའི་གཏེར་རྫོང་།
བསྟན་འཛིན་གྲགས་པས་བཤད།
བསོད་ནམས་འབུམ་གྱིས་དག་སྒྲིག་བྱས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྩོམ་པ་པོ། སྐལ་བཟང་དོན་གྲུབ་ཀྱིས་འཚོལ་སྡུད་བྱས།
སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ། (810001)
འགྲེམས་སྤེལ་ཁ་པར།/0971-6123221 འདྲི་རྩད་ཁ་པར།/(0971)6138933
E-mail/qhmzcbs@sohu.com WWW.qhmcbs,com
རྩོམ་སྒྲིག་འགན་འཁུར་པ། རྒྱལ་མཚན།
དེབ་གཞི་འཆར་འགོད་པ། ཝང་ཞའོ་ཅན།
དཔར་སྐྲན་འགན་ལེན་པ། ཡིའུ་ཆིའུ་ཧྭ།
འགྲེམས་སྤེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་སྐྲུན་འགྲེམས་སྤེལ་པུའུ།
བརྒྱུད་འཚོང་། ཞིན་ཧྭ་དཔེ་ཁང་། པར་འདེབས། མཚོ་སྔོན་མི་རིགས་པར་ཁང་།
དེབ་ཚད 850mm×1168mm 1/32 ཡིག་གྲངས། ཁྲི 19
དཔར་ཤོག 10.625 དཔར་གྲངས། 1-1 500
པར་གཞི། 2014ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།
དཔར་ཐེངས། 2014ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།
དཔེ་རྟགས། ISBN 978-7-5420-2385-8 རིན་གོང་། སྒོར21.00
(པར་དབང་འདི་གར་ཡོད་པས་པར་བཤུས་བརྒྱབ་ན་ཁྲིམས་ཆད་ཕོད)
(ཤོག་ངོས་ཆད་ནོར་སློག་སྐྱོན་གང་རུང་ཡོད་ཚེ་པར་ཁང་ལ་འབྲེལ་གཏུག་བྱོས)
ནང་དོན་གནད་བསྡུས།
ལ་བདུན་ནོར་བུའི་གཏེར་རྫོང་ཞེས་པ་འདི་ནི་མགོ་ལོག་གཅིག་སྒྲིལ་རྫོང་གི་སྒྲུང་བ་ཨོ་རྒྱན་བསྟན་འཛིན་གྲགས་པས་ཕབ་པའི་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་ཞིག་ཡིན། སྒྲུང་འདིའི་ནང་དོན་གཙོ་བོ་ནི་འབྲུ་སྲས་དཔའ་བོས་ཧོ་ར་རྒྱལ་བོ་ཆམ་ལ་ཕབ་པའི་གཡུལ་འགྱེད་ཀྱི་ཁྲོད་དུ་ཀོ་ལིང་སྤུན་བདུན་ཞེས་པ་དང་ཧོ་ར་ཡུལ་གྱི་ལྟ་ལོག་བླ་མ་བཅུ་གསུམ་གྱི་ཤུལ་དུ་ལུས་པའི་བླ་མ་གསུམ་དང་། ཁྲིམས་དཔོན་རིག་བཟང་དང་མཐར་ཁོ་རྣམས་ཀྱིས་འཁོར་ཉུང་ཤས་ཁྲིད་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱང་ཤར་ཕྱོགས་སུ་གནས་བཅས་ཤིང་། ས་དེའི་ཇག་པའི་བུ་དང་ཉ་བའི་བུ། མགར་བའི་བུ། ཤན་པའི་བུ། རྔོན་པའི་བུ་བཅས་ལ་གྲོགས་བསྒྲིགས་ཤིང་མཐར་ལ་བདུན་དཔོན་ཚང་གི་བློན་གྲལ་དུ་ཚུད། རྗེས་སུ་ལྐོག་ངན་སྣ་ཚོགས་ཀྱིས་རང་རང་གི་གྲོགས་པོ་བསད་ཅིང་ལ་བདུན་དཔོན་པོ་བསམ་ལྷུན་གྱི་གོ་གནས་ཕྲོགས། ཉམ་ཆུང་རྣམས་ལ་ཐུབ་ཚོད་དང་ཉེ་འཁོར་ཀུན་ཏུ་ཇག་རྐུན་བྱས་ནས་རྒྱ་བོད་ཀྱི་མགྲོན་ལམ་བཀག་ཅིང་དཀར་བོ་ཆོས་ལ་འཚེ་བ་བྱས་པར། གླིང་གི་གནས་སྐོར་བས་ཀོ་ལིང་གི་དཔའ་བོ་དུག་ལྕེ་བསད་ཅིང་གླིང་གི་དཔའ་བོ་དམ་པ་རྡོ་རྗེ་ཟེར་བ་དེ་ཀོ་ལིང་བས་བཀྲོངས་པས་ཀོ་གླིང་བར་ལ་དམག་འཐབ་བྱུང་། རྗེས་སུ་གླིང་གི་དཔའ་རྟུལ་རྣམས་ཀྱིས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱེ་མ་ལ་བདུན་བཟུང་བའི་ཀོ་ལིང་བ་རྣམས་ཕམ་པར་བྱས་ཤིང་། ལ་བདུན་དཔོན་གྱི་ཁྱད་ནོར་ལས་ནོར་བུའི་དོ་ཤལ་དང་། གསེར་གྱི་དབུ་རྒྱན། གནམ་ལྕགས་ཀྱི་ཚེམ་ཚེམ། དགྲ་འཇོམ་གྱི་བ་དན། འཆོར་མེད་ཀྱི་ཞགས་པ། དར་དམར་གྱི་སྒམ་ཆུང་། དགོས་འདོད་ཀྱི་ནོར་བུ་རྣམས་གླིང་ལ་བླངས་ནས་གཏེར་རྫོང་ཕབ་ཅིང་འབངས་ལ་བགོ་བྱ་བྱས་པའི་སྒྲུང་རབས་ཤིག་ཡིན།
སྒྲུང་འདིའི་ནང་དོན་གསར་བ་ཡིན་ཞིང་ཚིག་སྦྱོར་སྙན་པ་དང་། དཔེ་དོན་འཕྲོད་ཅིང་གཏམ་དཔེ་ཡིས་ཕྱུག་པས་མི་སྣའི་སྐད་ཆ་གསོན་ཉམས་ལྡན་པ། བྱུང་རིམ་ལ་འགལ་བ་མེད་ལ་སྒྲིག་གཞི་ཚགས་དམ་པ་བཅས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ནོ། །