ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་འགོག་སྲུང་ཇི་ལྟར་བྱེད་པའི་སྐོར་གྱི་ཤེས་བྱཞེས་པའི་ཉེར་མཁོའི་དཔེ་དེབ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

[སྤེལ་དུས། 2020-02-02]

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་འགོག་སྲུང་ཇི་ལྟར་བྱེད་པའི་སྐོར་གྱི་ཤེས་བྱཞེས་པའི་ཉེར་མཁོའི་དཔེ་དེབ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

      ཉེ་ཆར་རྒྱལ་ཡོངས་ཡུལ་གྲུ་ཀུན་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་གཉན་རིམས་ལ་འགོག་རྒོལ་བྱེད་བཞིན་པའི་སྐབས་འདིར།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱ་ཆེའི་བོད་རིགས་ས་ཁུལ་ལ་སྤྱི་པའི་འཕྲོད་སྟེན་གྱི་རྨང་གཞི་ཞན་པ་དང་མང་ཚོགས་ལ་གཉན་རིམས་འགོག་པའི་སྐོར་གྱི་ཤེས་བྱས་མི་འདང་བའི་གནས་ཚུལ་དེར་གཞིགས་ནས།  དུས་ཡུན་ཐུང་མྱུར་ནངཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་འགོག་སྲུང་ཇི་ལྟར་བྱེད་པའི་སྐོར་གྱི་ཤེས་བྱཞེས་པའི་ཉེར་མཁོའི་དཔེ་དེབ་ཅིག་རྩོམ་སྒྲིག་དཔེ་སྐྲུན་བྱས་ཐུབ་པ་བྱུང་། དཔེ་དེབ་དེའི་ནང་ནད་དུག་ངོས་འཛིན་དང་གཉན་རིམས་མཆེད་ཚུལ།  ནད་དུག་ཐག་གཅོད་པའི་ཚད་གཞི་དང་ནད་རྟགས་བརྟག་བཤེར་བྱེད་ཐབས།  འགོག་སྲུང་བྱེད་པའི་ཐབས་ལམ།  དོ་སྣང་བྱ་ཡུལ་ལ་སོགས་པའི་ཤེས་བྱ་འདུས་པས།  མང་ཚོགས་ཀྱིས་ཉིན་རྒྱུན་གཉན་རིམས་འདི་རིགས་འགོག་པར་དགོས་མཁོ་ཧ་ཅང་ཆེ་ཞིང་།  བོད་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་བྱ་བར་སྐུལ་འདེད་བྱེད་པ་དང་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་མཐོར་འདེགས་བྱེད་པར་ཕན་པ་ཆེའོ།།  དཔེ་དེབ་འདི་ཉིད་དཔེ་སྐྲུན་བྱེད་པའི་བརྒྱུད་རིམ་དུ་དཔེ་སྐྲུན་ཁང་ནས་ཡིག་སྒྱུར་རྩོམ་སྒྲིག་ཚན་ཆུང་ཧྲག་འཛུགས་དང་དཔེ་སྐྲུན་གྱི་སྤུས་ཀ་དམ་འཛིན། དྲ་ཐོག་འགྲེམ་སྤེལ་གྱི་རྣམ་པ་གསར་བ་བེད་སྤྱོད་བཅས་བྱས་ནས།   ཉིན་གསུམ་གྱི་ནང་ནས་ལས་གཞི་གལ་ཆེན་འདི་སྤུས་དག་དང་བདེ་བླག་ངང་གྲུབ་པས།  དེ་ལས་མི་རིགས་དཔེ་སྐྲུན་ལས་རིགས་པས་སྤྱི་ཚོགས་འགན་འཁྲི་དང་ལེན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་འགན་ལྷུར་བླངས་པ་མངོན་པར་མཚོན་འདུག  

    ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་འགོག་སྲུང་ཇི་ལྟར་བྱེད་པའི་སྐོར་གྱི་ཤེས་བྱཞེས་པའི་དཔེ་དེབ་དེའི་དྲ་དཔར་ནི་གླ་ཆ་མི་དགོས་པར་དྲ་ཐོག་ནས་འགྲེམ་སྤེལ་བྱས་པ་ལ།  རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ལྟ་ཀློག་དང་ཕབ་ལེན། བརྒྱུད་སྤྲོད་རང་དབང་བྱེད་པར་དགའ་བསུ་ཞུ།  འདི་ཉིད་སྤྱི་ཕན་གྱི་ལས་ལ་དམིགས་པ་ཡིན་པས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཆོག་མཆན་མེད་པར་མི་སྒེར་དང་ཚོགས་པ་གང་གིས་ཀྱང་འདི་སྤྱད་ནས་ཁེ་གཉེར་བྱ་མི་རུང་བ་མཁྱེན་མཁྱེན།།

 

青海民族出版社藏文版

《新型冠状病毒感染的肺炎公众防护指南》

下载地址

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག