《བོད་ཀྱི་མ་ཎི་རྡོ་བརྐོས》

[སྤེལ་དུས། 2012-04-11]

ཚེ་རིང་དོན་གྲུབ་ཅེས་པ་འདི་ད་ལྟ་བོད་ཀྱི་རྩོམ་རིག་གསར་བའི་རྩོམ་པ་པོ་དང་ཞིབ་འཇུག་པ། ཀློག་པ་པོ་དག་གི་དཔུང་སྡེའི་ཁྲོད་དུ་རྒྱུན་གླེང་གི་མིང་བརྡ་ཞིག་ཏུ་གྲུབ་ཚར་ཡོད་ལ། བོད་ཀྱི་བརྩམས་སྒྲུང་གསར་བའི་འཕེལ་རྒྱས་ཀྱི་རྒྱུད་རིམ་དང་གནས་བབ་དེ་ཡང་ཕྱོགས་སམ་ཟུར་ཞིག་ནས་ཁོང་དང་ཁོང་གི་བརྩམས་སྒྲུང་ལ་ཆ་འཇོག་བྱེད་ཀྱིན་འདུག་པར་མ་ཟད། ཚེ་རིང་དོན་འགྲུབ་ཅེས་པའི་མིང་བརྡ་འདིས་འབོད་པའི་མི་དེ་དང་དེའི་བརྩམས་ཆོས་སྐོར་གྱི་ཤེས་སྒོ་ཆེ་ཆུང་ཡང་བོད་ཀྱི་རྩོམ་རིག་གསར་བའི་བློ་སྦྱོང་གི་ཆུ་ཚད་འཇལ་བྱེད་ཀྱི་གྲས་ཤིག་ཏུ་ཧ་ལམ་གྱུར་ཡོད་ཚོད་དུ་མཐོང་སྟེ།  མདོར་ན།  ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་དེ་བོད་ཀྱི་རྩོམ་རིག་གསར་བའི་ཞིབ་འཇུག་གི་ཡུལ་ཞིག་ཏུ་གྲུབ་ཡོད་དོ་སྙམ། 
         ཚེ་རིང་དོན་གྲུབ་ནི་སྤྱི་ལོ1961ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས་ཤིང་། རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་འགན་བཞེས་མྱོང་བ་དང་།  ཁོང་གིས་རྨ་ལྷོ་སོག་རྫོང་དུ་སློབ་འབྲིང་དགེ་རྒན་ནས་ཁྲིམས་འཛིན་དྲུང་ཡིག་དང་། ཞང་སྲིད་གཞུང་གི་ཞང་དཔོན་གཞོན་པ།  རྫོང་ཡིག་ཚགས་ཁང་གི་འགོ་གཙོ།  རྫོང་ས་གནས་ལོ་རྒྱུས་ཁང་གི་ལས་འཛིན་པ་བཅས་ལས་གནས་དུ་མར་བརྗེ་སྤོ་བྱས།
         ཁོང་གི་བརྩམས་ཆོས་ལ། 《མེས་པོ》དང་། 《ར་ལོ》། 《སྤྱི་འགྲོས་ཤིག》  《ཟླ་བ》། 《དམངས་རབ་ཏུ་དགའ་བའི་ཟློས་གར》། 《ཆེས་མཇུག་མཐའི་ཕ་མ་གཉོར་སྐྱོང་བྱེད་མཁན》། 《ཟླ་བའི་གཏམ་རྒྱུད》། 《རླུང་དམར་འུར་འུར》སོགས་མང་པོ་ཡོད།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག