ཀྲུང་དབྱང་མི་རིགས་སློབ་ཆེན་བོད་བརྒྱུད་ནང་བསྟན་རབ་འབྱམས་པའི་འཛིན་གྲྭར་ཐེངས་གཉིས་པའི་འཆད་ཁྲིད་བྱས།

[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།][རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།][སྤེལ་དུས། 2012-04-19]

ཟླ4བའི་ཚེས16ཉིན།སྐབས་དང་པོའི་ཀྲུང་དབྱང་མི་རིགས་སློབ་ཆེན(བོད་རིག་པའི་ཆེད་ལས)བོད་རྒྱུད་ནང་བསྟན་རབ་འབྱམས་པའི་ཟབ་ཞུགས་འཛིན་གྲྭའི་ཐེངས་གཉིས་པའི་འཆད་ཁྲིད་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བདེ་བླག་ངང་སྤེལ།

ཀྲུང་དབྱང་མི་རིགས་སློབ་ཆེན(བོད་རིག་པའི་ཆེད་ལས)བོད་རྒྱུད་ནང་བསྟན་རབ་འབྱམས་པའི་འཛིན་གྲྭ་དེ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་དང་། དྲ་ཐོག་ནང་བསྟན་གྱིས་རོགས་སྒྲུབ་བྱས་པ་ཞིག་ཡིན་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་། བོད་རིག་པ། བོད་རྒྱུད་ནང་བསྟན་རིག་གནས་ཀྱི་ཁྱབ་ཁོངས་སུ་ཅུང་སྙན་གྲགས་ཡོད་པའི་ཤེས་ལྡན་པ་དག་གདན་འདྲེན་ཞུས་ཏེ་འཆད་ཁྲིད་གནང་བ་ཡིན།

ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ནི་བོད་རྒྱུད་ནང་བསྟན་རོལ་མོའི་རིག་གནས་ཞིབ་འཇུག་དང་། ཀྲུང་གོའི་ཆོས་ལུགས་རིག་པའི་རྒྱུད་རིམ། བོད་རྒྱུད་ནང་བསྟན་རིག་གནས་ཀྱི་སྒྲིག་གཞི་དང་མ་ལག་ཞིབ་འཇུག བོད་རྒྱུད་ནང་བསྟན་ལོ་རྒྱུས་ཞིབ་འཇུག སུའུ་ཐང་རྒྱལ་རབས་ཀྱི་ནང་བསྟན་གྲུབ་མཐའ་ཞིབ་འཇུག བོད་རྒྱུད་ནང་བསྟན་སེམས་ཁམས་གཞུང་ལུགས་ཞིབ་འཇུག ཡོན་རྒྱལ་རབས་ཀྱི་བོད་རྒྱུད་ནང་བསྟན་འཕེལ་རྒྱས་སོགས་ཀྱི་བསླབ་གཞི་འདུས་པ་རེད།

ཀྲུང་དབྱང་མི་རིགས་སློབ་ཆེན(བོད་རིག་པའི་ཆེད་ལས)བོད་རྒྱུད་ནང་བསྟན་རབ་འབྱམས་པའི་ཟབ་ཞུགས་འཛིན་གྲྭ་བསྡུས་པ་འདི་ནི་གཙོ་བོ་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གི་ལས་བྱེད་མི་སྣ་དང་། ནང་བསྟན་དགེ་རྒན་ལས་བྱེད། ནང་སྒོས་སུ་བོད་རྒྱུད་ནང་བསྟན་དགེ་རྒན་ལས་བྱེད་བཅས་ཀྱི་ཆུ་ཚད་མཐོར་འདེགས་དང་ཆེད་ལས་ཅན་གྱི་ཡོན་གནས་སློབ་གསོར་དམིགས་ཤིང་། ཆེད་ལས་སློབ་སྦྱོང་དང་རང་ཉིད་ཀྱི་སྤུས་ཚད་ཡར་འདེགས། བྱ་བའི་ནུས་ཤུགས་མཐོར་འདེགས་བཅས་གཙོར་བཟུང་ནས་ཆོས་ལུགས་ལས་རིགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག་ཅིང་། འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གི་ལས་བྱེད་མི་སྣ་དང་ཆོས་ལུགས་ལས་རིགས་ཀྱི་དགེ་རྒན་ལས་བྱེད་བར་ཕན་ཚུན་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་ཞིག་སྐྲུན་པ་རེད།

སློབ་མས་བསླབ་གཞི་སོ་སོ་རྒྱུགས་སྤྲད་དེ་ཚད་ལྡན་ཡིན་ཚེ། ཀྲུང་དབྱང་མི་རིགས་སློབ་ཆེན་ཞིབ་འཇུག་གླིང་གིས་དངོས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་བསླབ་གཞི་མཇུག་སྒྲིལ་པའི་དབང་ཡིག་སྤྲོད་པ་དང་། རྒྱལ་ཁབ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་རབ་འབྱམས་པའི་ཡོན་གནས་ཡར་ཞུ་བྱེད་པའི་ཚད་གཞི་དང་མཐུན་ན་དེ་མུར་རབ་འབྱམས་པའི་ཡོན་གནས་ཡར་ཞུ་བྱས་ཆོག་ལ། གཟིགས་ཞིབ་ཞིབ་བཤེར་བྱས་པ་བརྒྱུད། དཔྱད་རྩོམ་ལེགས་འགྲུབ་དང་མཐར་ཕྱིན་དཔྱད་རྩོམ་དམ་བཅའ་ཚད་ལྡན་ངང་མཇུག་སྒྲིལ་རྗེས་རབ་འབྱམས་པའི་ཡོན་གནས་ཀྱི་དབང་ཡིག་སྤྲོད་པ་ཡིན།

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག